ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་དང་ཧན་གོས་མཇུག་མཐར་འདོད་སེལ་བུད་མེད་ཀྱི་གནད་དོན་ཐད་ནས་གྲོས་མཐུན་བཀོད་པར་དམིགས་ཏེ། འཇར་པན་དང་ཨ་མེ་རི་ཁ། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱིས་ཟླ་འདིའི་ཟླ་དཀྱིལ་ལ་ཏུང་ཅིན་ནས་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་རིམ་པའི་གྲོས་མོལ་སྤེལ་རྩིས་ཡོད་པ་དང་། མིག་སྔར་ཉིན་རིམ་ལེགས་སྒྲིག་བྱེད་བཞིན་ཡོད། ཚོད་དཔག་བྱས་ན་རྒྱལ་ཁབ་གསུམ་གྱིས་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་པའི་བྱེ་བྲག་གི་ཐབས་ཇུས་སོགས་ཐད་ནས་བསམ་འཆར་བརྗེ་རེས་བྱེད་རྒྱུ་རེད།

འཇར་པན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། འཇར་པན་དང་ཨ་མེ་རི་ཁ། ཧན་གོ་བཅས་རྒྱལ་ཁབ་གསུམ་གྱིས་ཟླ་འདིའི་ཟླ་དཀྱིལ་ལ་ཏུང་ཅིན་ནས་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་རིམ་པའི་གྲོས་མོལ་སྤེལ་རྩིས་ཡོད་པ་དང་། འཇར་པན་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲེ་མུའུ་ཀྲའོ་ལུང་དང་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གཞོན་པ་པུའུ་ལིན་ཁུན། ཧན་གོའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་དང་པོ་ལིན་ཧྲིན་ནན་བཅས་ཀྱིས་གྲོས་མོལ་བྱེད་པའི་འཆར་གཞི་ཡོད།

དབྱེ་ཞིབ་བྱས་པ་ལྟར་ན། ཐེངས་འདིའི་གྲོས་མོལ་སྐབས་སུ་རྒྱལ་ཁབ་གསུམ་གྱིས་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་པའི་བྱེ་བྲག་གི་ཐབས་ཇུས་སོགས་ཐད་ནས་བསམ་འཆར་བརྗེ་རེས་བྱེད་ངེས་རེད་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

སི་རི་ཡཱའི་ཧའོ་མུའུ་སི་ནས་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ་མི་བཅུ་དགུ་རྐྱེན་ལམ་དུ་ཤོར།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གཅིག་གྱུར་གྲོས་མཐུན་བཀོད།

པའོ་ལེ་ཝེ་ཡཱ་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།

སི་རི་ཡཱའི་དམག་དཔུང་གིས་ངོ་རྒོལ་དྲག་ཆས་པའི་མགོ་བ་བསད།

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།