ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་ཚེས་གསུམ་ཉིན་དབྱི་ལིང་གི་རྔམ་སྟོན་ཁྲོམ་སྐོར་མཁན་གྱིས་ཏི་ཧེ་ལན་དུ་ཡོད་པའི་སོ་ཏི་ཨ་རབ་ཀྱི་གཞུང་ཚབ་ཁང་མེར་བསྲེག་པའི་བྱ་སྤྱོད་ལ་རྒོལ་གཏམ་བཏང་བ་དང་། དབྱི་ལིང་དབང་འཛིན་ལས་ཁུངས་ཀྱིས་ཕྱི་རྒྱལ་གྱི་གཞུང་ཚབ་ཁང་གི་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུའི་ཚུལ་བསྟན་པར་མ་ཟད། དབྱི་ལིང་གི་འབྲེལ་ཡོད་སྡེ་ཁག་གིས་དོན་རྐྱེན་བཟོ་མཁན་འཛིན་བཟུང་བྱེད་དགོས་པའི་རེ་བ་བཏོན།

ལུའུ་ཧཱ་ནེ་ཡིས་ཚེས་གསུམ་ཉིན་དྲ་ཚིགས་སྟེང་འཕྲིན་ཐུང་རེ་འགའ་སྤེལ་ཏེ། སོ་ཏི་ཨ་རབ་ཀྱི་གཞུང་ཚབ་ཁང་མེར་བསྲེག་པ་ནི་ཐལ་སྤྱོད་ཉེས་ཅན་གྱི་བྱ་སྤྱོད་ཡིན་པ་དང་། ཁྲིམས་འགལ་གྱི་བྱ་སྤྱོད་དེས་དབྱི་ལིང་གི་འཛམ་གླིང་ཡོངས་ཀྱི་སྣང་བརྙན་ལ་གནོད་པ་ཐེབས་ཡོད་ཟེར། ཁོས་ཞོར་དུ་སོ་ཏི་ཨ་རབ་ཀྱིས་མིང་དུ་གྲགས་པའི་ཧྲི་ཡེ་ཕྱོགས་ཁག་གི་ཆོས་པ་ནེ་མུའུ་ཨར་ལ་སྲོག་ཁྲིམས་བཅད་པར་རྒོལ་གཏམ་བཏང་ཡང་། དབྱི་ལིང་གི་མང་ཚོགས་ཀྱིས་དེར་ཁ་གཡར་ནས་ཕྱི་རྒྱལ་གྱི་གཞུང་ཚབ་ཁང་ལ་དཔུང་འཇུག་བྱེད་མི་རུང་བ་ནན་བཤད་བྱས།

ལུའུ་ཧཱ་ནེ་ཡིས་བཤད་རྒྱུར། ཁོས་དབྱི་ལིང་ནང་སྲིད་པུའུ་ཀྲང་གིས་ཁྲིམས་འཛིན་སྡེ་ཁག་དང་གསང་འཕྲིན་སྡེ་ཁག་ལ་མཉམ་ལས་བྱས་ཏེ། དོན་རྐྱེན་བཟོ་མཁན་འཛིན་བཟུང་བྱས་ནས་ཁྲིམས་ལ་སྦྱོར་དགོས་པའི་རེ་བ་བཏོན་ཡོད་ཟེར།

ཏི་ཧེ་ལན་གྱི་སྤྱི་ཁྱབ་ཞིབ་དཔྱོད་དཔོན་པོ་ཏི་ལཱ་ཐཱ་པཱ་ཏིས་ཀྱིས་ཚེས་གསུམ་ཉིན་བསྟན་དོན། སོ་ཏི་ཨ་རབ་ཀྱི་གཞུང་ཚབ་ཁང་མེར་བསྲེག་པའི་དོན་རྐྱེན་ལ་ཞུགས་པའི་དོགས་ཡོད་མི་སྣ་བཞི་བཅུ་འཛིན་བཟུང་བྱས་ཡོད་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

སི་རི་ཡཱའི་ཧའོ་མུའུ་སི་ནས་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ་མི་བཅུ་དགུ་རྐྱེན་ལམ་དུ་ཤོར།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གཅིག་གྱུར་གྲོས་མཐུན་བཀོད།

པའོ་ལེ་ཝེ་ཡཱ་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།

སི་རི་ཡཱའི་དམག་དཔུང་གིས་ངོ་རྒོལ་དྲག་ཆས་པའི་མགོ་བ་བསད།

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།