ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གྱི་དཔོན་རིགས་ཀྱིས་ཚེས་གསུམ་ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་བྱང་ཕྱོགས་ཀྱི་གྲོང་ཁྱེར་མཱ་ཀྲ་ལི་ཧྲ་ལི་ཧྥུའུ་རུ་ཡོད་པའི་རྒྱ་གར་གཞུང་ཚབ་ཁང་ལ་ཉིན་དེའི་དགོང་མོར་འཇབ་རྒོལ་ཐེབས་ཏེ། རང་སྲོག་གཅོད་པའི་འཇབ་རྒོལ་མཁན་གཉིས་ཀྱིས་མཱ་ཀྲ་ལི་ཧྲ་ལི་ཧྥུའུ་རུ་ཡོད་པའི་རྒྱ་གར་གཞུང་ཚབ་ཁང་གི་ཉེ་འདབས་སུ་ཡོད་པའི་མགྲོན་ཞིག་གི་སྒོ་ཁ་ནས་ལུས་ཀྱི་འགད་རྫས་འགས་གཏོར་བཏང་བ་དང་། དྲག་ཆས་ཉེས་ཅན་གཞན་པས་དེའི་རྗེས་སུ་མགྲོན་ཁང་དེ་བཙན་བཟུང་བྱས་ཏེ་རྒྱ་གར་གཞུང་ཚབ་ཁང་ལ་འཇབ་རྒོལ་བྱས། ཨ་ཧྥུའུ་ཧན་དམག་ཕྱོགས་ཡུལ་དངོས་སུ་འབྱོར་རྗེས་དྲག་ཆས་ཉེས་ཅན་དང་འཁྲུག་རྩོད་དྲག་པོ་བྱས། མིག་སྔར་ཤི་རྨས་ཐེབས་པའི་གནས་ཚུལ་གསལ་བོར་མི་ཤེས།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

སི་རི་ཡཱའི་ཧའོ་མུའུ་སི་ནས་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ་མི་བཅུ་དགུ་རྐྱེན་ལམ་དུ་ཤོར།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གཅིག་གྱུར་གྲོས་མཐུན་བཀོད།

པའོ་ལེ་ཝེ་ཡཱ་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།

སི་རི་ཡཱའི་དམག་དཔུང་གིས་ངོ་རྒོལ་དྲག་ཆས་པའི་མགོ་བ་བསད།

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།