ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥུན་ལན་གསར་འགྱུར་ལས་རིགས་ཀྱིས་ཚེས་གཉིས་ཉིན་བསྒྲགས་པ་ལྟར་ན། ཁྲིམས་འགལ་གྱིས་རང་གི་མངའ་ཁོངས་སུ་ཡོང་བའི་གནད་དོན་ལ་སེམས་ཁུར་བྱེད་པའི་དབང་གིས་ཧྥུན་ལན་སྲིད་གཞུང་གིས་ལྷོ་ཕྱོགས་གྲུ་ཁ་དང་འཇར་མན་གྱི་བྱང་ཕྱོགས་གྲུ་ཁའི་བར་གྱི་མཚོ་ཐོག་སྐྱེལ་འདྲེན་བྱེད་པའི་གནས་སྐོར་བའི་ཞིབ་བཤེར་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར།

ཧྥུན་ལན་ནང་སྲིད་པུའུ་ཡི་རྒྱུན་ལས་དྲུང་ཡིག་ཆེན་མོ་ནེ་ཨར་ཀི་ཡིས་ཚེས་གཉིས་ཉིན་ཧྥུན་ལན་རྒྱང་སྒྲོག་ཀུང་ཟི་ལ་བདེན་དཔང་བྱས་དོན། ནང་སྲིད་པུའུ་ཡིས་པའོ་ལོ་ཏི་རྒྱ་མཚོ་དང་བྱང་གི་རྒྱ་མཚོའི་མཚོ་ཐོག་སྐྱེལ་འདྲེན་གྱི་འགན་ཁུར་བའི་ཀུང་ཟིས་འཇར་མན་ནས་ཡོང་བའི་གནས་སྐོར་བ་ཚང་མའི་ལམ་ཡིག་དང་འཚོ་སྡོད་ཆོག་མཆན་ཡི་གེ་ལ་ཞིབ་བཤེར་བྱས་ཏེ། ཁྲིམས་མཐུན་དཔང་ཡིག་མེད་པའི་མི་སྣ་གང་འདོད་དུ་ཧྥུན་ལན་གྱི་མངའ་ཁོངས་སུ་མི་གཏོང་བར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།

བསྡོམ་རྩིས་རགས་ཙམ་བྱས་པ་ལྟར་ན། ན་ནིང་ཡུལ་གྱར་བ་ས་ཡ་གཅིག་དང་འབུམ་ལྔ་ཙམ་ཡོ་རོབ་གླིང་དུ་ཡོང་བ་རེད། ཉེ་བའི་ཟླ་འགའི་རིང་། འཇར་མན་བྱང་ཕྱོགས་དང་ཧྥུན་ལན་ལྷོ་ཕྱོགས་གྲུ་ཁའི་བར་གྱི་མཚོ་ཐོག་སྐྱེལ་འདྲེན་ལམ་ཐིག་དེ་ཡུལ་གྱར་བ་ཧྥུན་ལན་དུ་ཡོང་སའི་རྒྱུ་ལམ་དུ་གྱུར་ཡོད་པ་རེད། མཚོ་ཐོག་ལམ་ཐིག་དེ་ཧྲིན་ཀིན་ས་ཁུལ་དུ་ཡོད་པས་རྒྱུན་སྲོལ་གྱི་མཐའ་སྲུང་དོ་དམ་ལམ་ལུགས་མེད་པ་རེད། ཡིན་ཡང་མཁའ་འགྲུལ་ཀུང་ཟི་དང་མཚོ་ཐོག་སྐྱེལ་འདྲེན་ཀུང་ཟིར་གནས་སྐོར་བའི་ཐོབ་ཐང་ལ་ཞིབ་བཤེར་བྱེད་པའི་འགན་འཁྲི་ཡོད་པ་རེད།

ཧྥུན་ལན་གནས་སྤོར་སྡོད་དམངས་ཅུའུ་ཡིས་བསྡོམས་རྩིས་བྱས་པ་ལྟར་ན། ཧྥུན་ལན་གྱིས་ན་ནིང་ཡུལ་གྱར་བ་ཁྲི་གསུམ་དང་སྟོང་གཉིས་བཞི་བརྒྱ་དང་ལེན་བྱས་ཡོད་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

སི་རི་ཡཱའི་ཧའོ་མུའུ་སི་ནས་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ་མི་བཅུ་དགུ་རྐྱེན་ལམ་དུ་ཤོར།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གཅིག་གྱུར་གྲོས་མཐུན་བཀོད།

པའོ་ལེ་ཝེ་ཡཱ་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།

སི་རི་ཡཱའི་དམག་དཔུང་གིས་ངོ་རྒོལ་དྲག་ཆས་པའི་མགོ་བ་བསད།

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།