ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕིན་ལྟར།  སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཀྲུའུ་པེད་ཨར་གྱིས་ཚེས་གསུམ་ཉིན་ཁྱབ་སྒྲོག་བྱས་དོན། སོ་ཏི་ཨ་རབ་ཀྱིས་དབྱི་ལིང་བར་གྱི་འབྲེལ་ཐག་བཅད་པར་མ་ཟད། དབྱི་ལིང་གི་ཕྱི་འབྲེལ་མི་སྣ་དག་དུས་ཚོད་ཞེ་བརྒྱད་ནང་སོ་ཏི་ཨ་རབ་ཀྱི་མངའ་ཁོངས་དང་འབྲལ་དགོས་པའི་རེ་བ་བཏོན་ཡོད་ཟེར།

ཀྲུའུ་པེད་ཨར་གྱིས་ཉིན་དེའི་དགོང་མོའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། དབྱི་ལིང་སྲིད་གཞུང་གིས་དབྱི་ལིང་དུ་སྡོད་པའི་སོ་ཏི་ཨ་རབ་ཀྱི་གཞུང་ཚབ་ཁང་གི་བདེ་འཇགས་བསམ་སྟེ་སྲུང་སྐྱོབ་བྱེད་ཐབས་སྤྱོད་པ་ཕར་ཞོག དེ་ལས་ལྡོག་སྟེ་སོ་ཏི་ཨ་རབ་ཀྱི་གཞུང་ཚབ་ཁང་ལ་འཇབ་རྒོལ་དང་རྡུང་བཅོམ། བསྲེག་བརླག་བྱེད་པའི་དབྱི་ལིང་གི་རྔམ་སྟོན་ཁྲོམ་སྐོར་མཁན་ལ་སྟབས་བདེ་བཟོས་ཡོད། དེ་བས་སོ་ཏི་ཨ་རབ་ཀྱིས་དབྱི་ལིང་བར་གྱི་འབྲེལ་ཐག་གཅོད་རྒྱུ་ཁྱབ་སྒྲོག་བྱས་པ་ཡིན་ཟེར།

ཀྲུའུ་པེད་ཨར་གྱིས་ད་རུང་དབྱི་ལིང་གིས་དུས་ཡུན་རིང་བོར་སོ་ཏི་ཨ་རབ་སོགས་ཨ་རབ་རྒྱལ་ཁབ་ཏུ་འཇིགས་སྐུལ་ཉེས་ཅན་ལ་རྒྱབ་སྐྱོར་དང་གསོ་སྦྱོང་བྱས་ཏེ། རྒྱལ་ཁབ་དེ་དག་གི་བདེ་འཇགས་ལ་གཏོར་བརླག་བྱེད་པའི་དམིགས་ཡུལ་བཅངས་པར་སྐྱོན་འཛུགས་བྱས། ཁོས་བསྟན་དོན། སོ་ཏི་ཨ་རབ་ཀྱིས་བྱེད་ཐབས་གང་རུང་སྤྱད་དེ་དབྱི་ལིང་གི་འཇིགས་ཉེན་ལ་རྒོལ་ལན་སྤྲོད་རྒྱུ་ཡིན་ཟེར།

ཀྲུའུ་པེད་ཨར་གྱིས་ད་རུང་བསྟན་དོན། དབྱི་རག་སྲིད་གཞུང་གིས་བྱེད་ཐབས་སྤྱད་དེ་དབྱི་རག་ཏུ་སྡོད་པའི་སོ་ཏི་ཨ་རབ་ཀྱི་གཞུང་ཚབ་ཁང་གི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུའི་ཁག་ཐེག་བྱས་ཡོད་ཟེར།

བསྒྲགས་པ་ལྟར་ན། སོ་ཏི་ཨ་རབ་ཀྱིས་དབྱི་ལིང་བར་གྱི་འབྲེལ་ཐག་གཅོད་རྒྱུ་ཁྱབ་སྒྲོག་མ་བྱས་གོང་། དབྱི་ལིང་དུ་སྡོད་པའི་སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་མི་སྣ་དག་དབྱི་ལིང་དུ་ཡོད་པའི་སོ་ཏི་ཨ་རབ་ཀྱི་གཞུང་ཚབ་ཁང་ལ་འཇབ་རྒོལ་ཐེབས་རྗེས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཏིས་པེད་དུ་ཕྱིར་འཐེན་བྱས་ཡོད་པ་དང་། ཏིས་པེད་ནས་སོ་ཏི་ཨ་རབ་རྒྱལ་ནང་དུ་ལོག་རྒྱུ་རེད་ཟེར།

སོ་ཏི་ཨ་རབ་ནང་སྲིད་པུའུ་ཡིས་ཚེས་གཉིས་ཉིན་འཇིགས་སྐུལ་རིང་ལུགས་ཀྱི་ནག་ཉེས་བཟོས་པའི་བཙོན་མ་ཞེ་བདུན་ལ་སྲོག་ཁྲིམས་གཅོད་རྒྱུ་ཁྱབ་སྒྲོག་བྱས། བསྒྲགས་པ་ལྟར་ན། བཙོན་མ་དེ་དག་གི་ཁྲོད་དུ་མིང་གྲགས་ཅན་གྱི་ཧྲི་ཡེ་ཕྱོགས་ཁག་གི་ཆོས་པ་ནེ་མུའུ་ཨར་ཡོད་ཟེར། ཚེས་གཉིས་ཉིན་གྱི་དགོང་མོར་དབྱི་ལིང་གི་རྔམ་སྟོན་ཁྲོམ་སྐོར་མཁན་གྱིས་དབྱི་ལིང་དུ་སྡོད་པའི་སོ་ཏི་ཨ་རབ་ཀྱི་གཞུང་ཚབ་ཁང་ལ་འཇབ་རྒོལ་བྱས་ཏེ། གཞུང་ཚབ་ཁང་གི་སྒོ་དང་སྒེའུ་ཁུང་བཅག་པར་མ་ཟད་གཞུང་ཚབ་ཁང་གི་ཐོག་ཁང་ཁག་ཅིག་མེར་བསྲེག་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

སི་རི་ཡཱའི་ཧའོ་མུའུ་སི་ནས་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ་མི་བཅུ་དགུ་རྐྱེན་ལམ་དུ་ཤོར།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གཅིག་གྱུར་གྲོས་མཐུན་བཀོད།

པའོ་ལེ་ཝེ་ཡཱ་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།

སི་རི་ཡཱའི་དམག་དཔུང་གིས་ངོ་རྒོལ་དྲག་ཆས་པའི་མགོ་བ་བསད།

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།