ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཨེ་ཅིབ་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། གྲུ་གཟིངས་ཤིག་ཉིས་སྟོང་བཅོ་ལྔ་ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་གྱི་དགོང་མོར་ནེ་ལོ་གཙང་བོའི་སྟེང་ལོག་པ་དང་། མིག་སྔར་ཉུང་མཐར་ཡང་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར། བསྒྲགས་པ་ལྟར་ན། དོན་རྐྱེན་དེ་རྒྱལ་ས་ཁེ་རོ་བྱང་ངོས་ཀྱི་སྤྱི་ལེ་བརྒྱ་དང་བཞི་བཅུའི་མཚམས་སུ་ཡོད་པའི་ཞེ་ཧི་ཚོན་ཞིང་ཆེན་ནས་བྱུང་བ་ཡིན་ཞིང་། དོན་རྐྱེན་བྱུང་སྐབས་གྲུ་གཟིངས་སྟེང་བསྡོམས་པས་མི་ཉེར་གཉིས་ཡོད་ལ། མིག་སྔར་རྒུད་སྐྱོབ་རུ་ཁག་གིས་གར་སོང་མ་རྙེད་པའི་མི་སྣར་འཚོལ་ཞིབ་བྱེད་བཞིན་ཡོད། རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། ཐེག་ཚད་ལས་བརྒལ་བ་དང་ནམ་ཟླ་མི་བཟང་བ་ནི་དོན་རྐྱེན་དེའི་འབྱུང་རྐྱེན་གཙོ་བོ་ཡིན་སྲིད། འགྲིམ་འགྲུལ་སྒྲིག་ཆས་ལོ་མང་བོར་ཞིག་གསོ་མ་བྱས་པ་དང་། བདེ་འཇགས་སྲུང་སྐྱོབ་བྱེད་ཐབས་ནུས་ལྡན་མིན་པ། མང་ཚོགས་ཀྱི་འགྲིམ་འགྲུལ་བཅའ་ཁྲིམས་ཀྱི་འདུ་ཤེས་ཞན་པ་སོགས་རྒྱུ་རྐྱེན་དབང་གིས་ཨེ་ཅིབ་ཏུ་འགྲིམ་འགྲུལ་དོན་རྐྱེན་མང་དུ་འབྱུང་གིན་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྙན་ཞུ་ལས་མངོན་པ་ལྟར་ན། ཨེ་ཅིབ་ཏུ་ལོ་རེར་མི་ཁྲི་གཅིག་དང་སྟོང་གཉིས་ཙམ་རིགས་སྣ་ཚོགས་ཀྱི་འགྲིམ་འགྲུལ་ཆག་སྒོ་ལས་རྐྱེན་ལམ་དུ་ཤོར་བཞིན་ཡོད་པ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

སི་རི་ཡཱའི་ཧའོ་མུའུ་སི་ནས་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ་མི་བཅུ་དགུ་རྐྱེན་ལམ་དུ་ཤོར།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གཅིག་གྱུར་གྲོས་མཐུན་བཀོད།

པའོ་ལེ་ཝེ་ཡཱ་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།

སི་རི་ཡཱའི་དམག་དཔུང་གིས་ངོ་རྒོལ་དྲག་ཆས་པའི་མགོ་བ་བསད།

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།