ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།དབྱི་སི་རལ་གྱི་ཆེས་ཆེ་བའི་མཚོ་འགྲམ་གྲོང་ཁྱེར་ཐི་ལཱ་ཝེ་ཧྥུའུ་ནས་ཚེས་གཅིག་ཉིན་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་མི་བདུན་ལ་རྨས་ཕོག དབྱི་སི་རལ་གྱི་ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། ཉིན་དེའི་ཕྱི་དྲོར། མེ་མདའ་བཟུང་བའི་སྐྱེས་པ་ཞིག་གིས་ཐི་ལཱ་ཝེ་ཧྥུའུ་གྲོང་ཁྱེར་ལྟེ་གནས་ཀྱི་འཚིག་ཇ་གསོལ་ཁང་ཞིག་གི་སྒོ་ཁ་ནས་མེ་མདས་གང་འདོད་དུ་བརྒྱབ་རྗེས། འཇབ་རྒོལ་མཁན་བྲོས་བྱོལ་བྱས་པ་རེད། མིག་སྔར་དབྱི་སི་རལ་ཉེན་རྟོག་ཕྱོགས་དང་དམིགས་བསལ་དམག་དཔུང་གིས་སྔར་བཞིན་ཐི་ལཱ་ཝེ་ཧྥུའུ་དང་དབྱི་སི་རལ་བྱང་ཕྱོགས་ས་ཁུལ་དུ་འཇབ་རྒོལ་མཁན་དེ་སྔོག་བཤེར་བྱེད་བཞིན་ཡོད། མིག་སྔར་ད་རུང་འཇབ་རྒོལ་མཁན་གྱི་ཐོབ་ཐང་དང་དེའི་དམིགས་ཡུལ་གསལ་བོ་ཤེས་མེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

སི་རི་ཡཱའི་ཧའོ་མུའུ་སི་ནས་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ་མི་བཅུ་དགུ་རྐྱེན་ལམ་དུ་ཤོར།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གཅིག་གྱུར་གྲོས་མཐུན་བཀོད།

པའོ་ལེ་ཝེ་ཡཱ་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།

སི་རི་ཡཱའི་དམག་དཔུང་གིས་ངོ་རྒོལ་དྲག་ཆས་པའི་མགོ་བ་བསད།

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།