མཉམ་འབྲེལ་རྒྱལ་ཚོགས་ཡུལ་གྱར་ལས་དོན་ཁང་གིས་ལེ་པཱ་ནུན་དུ་ཡོད་པའི་སི་རི་ཡཱའི་ཡུལ་གྱར་བར་དགུན་ཁའི་རོགས་སྐྱོར་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ལེ་པཱ་ནུན་གསར་འགྱུར་ལས་རིགས་ཀྱིས་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་བསྒྲགས་པ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཡུལ་གྱར་བའི་ལས་དོན་ཁང་གིས་ལེ་པཱ་ནུན་དུ་ཡོད་པའི་སི་རི་ཡཱའི་ཡུལ་གྱར་བར་དགུན་ཁའི་རོགས་སྐྱོར་བྱས་ཏེ། གྲང་ངར་ཆེ་བའི་ནམ་ཟླར་ཁ་གཏད་འཇལ་རོགས་བྱས། མཉམ་འབྲེལ་རྒྱལ་ཚོགས་ཡུལ་གྱར་བའི་ལས་དོན་ཁང་གིས་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུའི་ཉིན་པེ་རུ་ཐི་ནས་སྙན་ཞུ་སྤེལ་ཏེ། ཡུལ་གྱར་བའི་ལས་དོན་ཁང་གིས་སི་རི་ཡཱ་ལ་འདོན་སྤྲོད་བྱས་པའི་དགུན་ཁའི་རོགས་སྐྱོར་འཆར་གཞི་ལྟར་ན། སི་རི་ཡཱའི་ཡུལ་གྱར་བ་འབུམ་གཅིག་དང་ཁྲི་བཞི་ལྷག་ལ་དགུན་ཁའི་མཁོ་འདོན་བྱང་བུ་ཐོབ་ཡོད་པ་དང་། མ་འོངས་པའི་གཟའ་འཁོར་གཉིས་ནང་སི་རི་ཡཱའི་ཡུལ་གྱར་བའི་ཁྱིམ་ཚང་སྟོང་གསུམ་ལྷག་ལ་དགུན་ཁའི་མཁོ་འདོན་བྱང་བུ་སྟེར་རྒྱུ་རེད། ཡུལ་གྱར་བའི་ལས་དོན་ཁང་གིས་རོགས་སྐྱོར་མཁོ་བའི་ཁྱིམ་ཚང་ལ་ཉལ་ཐུལ་ཁྲི་གཅིག་དང་སྟོང་བརྒྱད་དང་ལྕགས་ཐབ་སུམ་བརྒྱ་དང་ཉེར་བརྒྱད་བྱིན། སྙན་ཞུ་ལས་བཤད་རྒྱུར། སི་རི་ཡཱའི་ཡུལ་གྱར་བར་དགུན་ཁའི་རོགས་སྐྱོར་འདོན་སྤྲོད་བྱས་པ་ལས་གཞན། ཡུལ་གྱར་བའི་ལས་དོན་ཁང་གིས་ལེ་པཱ་ནུན་སྲིད་གཞུང་བར་མཐུན་སྦྱོར་བྱས་ཏེ། ཆེས་རོགས་སྐྱོར་མཁོ་བའི་ལེ་པཱ་ནུན་གྱི་ཁྱིམ་ཚང་ཁྲི་གཅིག་དང་སྟོང་བཞི་ལ་དགུན་ཁའི་རོགས་སྐྱོར་བྱེད་རྒྱུ་རེད། མཉམ་འབྲེལ་རྒྱལ་ཚོགས་ཡུལ་གྱར་བའི་ལས་དོན་ཁང་གིས་བསྡོམས་རྩིས་བྱས་པ་ལྟར་ན། སི་རི་ཡཱའི་ཉམས་ཉེན་བྱུང་བའི་ཚུན་ལ། ལེ་པཱ་ནུན་དུ་ཡོང་བའི་སི་རི་ཡཱའི་ཡུལ་གྱར་བ་ས་ཡ་གཅིག་དང་འབུམ་གཉིས་ལྷག་ལ་བསླེབ་ཡོད། ལེ་པཱ་ནུན་ནི་ཡུལ་གྱར་བ་ཆེས་མང་བའི་རྒྱལ་ཁབ་ཏུ་གྱུར་བ་དང་། ཆ་སྙོམས་མི་སྟོང་རེའི་ཁྲོད་ཡུལ་གྱར་བ་ཉིས་བརྒྱ་དང་སོ་གཉིས་ཡོད་པ་རེད། ཉེ་སྔོན་ལེ་པཱ་ནུན་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་རེ་འགས་པེ་རུ་ཐི་ནས་ཡུལ་གྱར་བའི་ཉམས་ཉེན་ཏེ་ལེ་པཱ་ནུན་གྱི་ཐག་གཅོད་འཆར་གཞི་མགོ་བརྩམས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལེ་པཱ་ནུན་ལ་མེ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་བཞི་བྱེ་བ་བརྒྱད་ཀྱི་རོགས་སྐྱོར་བྱས་ཏེ། ལེ་པཱ་ནུན་དུ་ཡོད་པའི་སི་རི་ཡཱའི་ཡུལ་གྱར་བར་རོགས་སྐྱོར་བྱེད་པ་དང་སི་རི་ཡཱའི་ཡུལ་གྱར་བ་དང་ལེན་བྱེད་པའི་ལེ་པཱ་ནུན་གྱི་སྤྱི་ཚོགས་ཚོགས་པར་རོགས་སྐྱོར་བྱེད་པའི་ཐད་བཀོལ་རྒྱུའི་འབོད་སྐུལ་བཏང་།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

སི་རི་ཡཱའི་ཧའོ་མུའུ་སི་ནས་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ་མི་བཅུ་དགུ་རྐྱེན་ལམ་དུ་ཤོར།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གཅིག་གྱུར་གྲོས་མཐུན་བཀོད།

པའོ་ལེ་ཝེ་ཡཱ་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།

སི་རི་ཡཱའི་དམག་དཔུང་གིས་ངོ་རྒོལ་དྲག་ཆས་པའི་མགོ་བ་བསད།

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།