ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བཙུགས་ནས་ལོ་ཉི་ཤུ་ལྷག་འགོར་བའི་རུ་ཝང་ཏཱའི་གནད་དོན་གྱི་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་དེ་ཉིས་སྟོང་བཅོ་ལྔ་ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་སྒོ་བརྒྱབ། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེར་གསར་འགྱུར་ལས་རིགས་ལ་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་སོ་སོས་མུ་མཐུད་དུ་འབྲེལ་ཡོད་ཀྱི་ལས་ཁུངས་བར་མཉམ་ལས་བྱས་ཏེ། ཉེས་ཅན་གྱི་འགན་འཁྲི་བརྩད་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་། གཅིག་སྟོང་དགུ་བརྒྱ་གོ་བཞིའི་ལོར་སྐབས་དེའི་རུ་ཝང་ཏཱའི་ཙུང་ཐུང་། ཧུའུ་ཐུའུ་རིགས་ཀྱི་མི་ཧཱ་པུས་ཡཱ་ལེ་མཱ་ནཱ་བསྡད་ཡོད་པའི་གནམ་གྲུ་རུ་ཝང་ཏཱའི་ཅི་ཅཱ་ལེ་བར་སྣང་ནས་སར་འཕང་། དེའི་རྗེས་སུ་རུ་ཝང་ཏཱའི་རྒྱལ་ཡོངས་སུ་ཐུའུ་ཞི་རིགས་ལ་དམིགས་པའི་འཁོན་ལན་སློག་པའི་བྱ་འགུལ་རྒྱ་ཆེར་བྱུང་། ཟླ་ངོ་གསུམ་ལྷག་འགོར་བའི་དམར་གསོད་ལས་མི་འབུམ་བརྒྱད་དང་ས་ཡ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། རྐྱེན་ལམ་དུ་ཤོར་བའི་མི་མང་ཆེ་བ་ཐུའུ་ཞི་རིགས་ཡིན་པ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

སི་རི་ཡཱའི་ཧའོ་མུའུ་སི་ནས་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ་མི་བཅུ་དགུ་རྐྱེན་ལམ་དུ་ཤོར།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གཅིག་གྱུར་གྲོས་མཐུན་བཀོད།

པའོ་ལེ་ཝེ་ཡཱ་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།

སི་རི་ཡཱའི་དམག་དཔུང་གིས་ངོ་རྒོལ་དྲག་ཆས་པའི་མགོ་བ་བསད།

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།