ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཧྥེ་ལེ་པེན་དམག་ཕྱོགས་ཀྱིས་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་བཤད་པ་ལྟར་ན། ཧྥེ་ལེ་པེན་སྲིད་གཞུང་དམག་དཔུང་གིས་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུའི་ཉིན་ཧྥེ་ལེ་པེན་ལྷོ་ཕྱོགས་ཀྱི་སུའུ་ལུའུ་ཞིང་ཆེན་ནས་ཨ་པུའུ་ཧྲ་ཡེ་ཧྥུའུ་ཞེས་པའི་ཚོགས་ཁག་གི་དྲག་ཆས་ཉེས་ཅན་བཅུ་བསད་པ་དང་། ཧྥེ་ལེ་པེན་སྲིད་གཞུང་དམག་དཔུང་གི་དམག་མི་གཅིག་དོན་རྐྱེན་དེའི་ཁྲོད་རྐྱེན་ལམ་དུ་ཤོར་ཟེར། ཧྥེ་ལེ་པེན་དམག་ཕྱོགས་ཀྱི་ཞི་མེན་ལན་དམག་ཁུལ་རྙིང་བའི་མགྲིན་ཚབ་པ་ཧྥེ་ལེ་མིན་ཁྲིན་གྱིས་བཤད་རྒྱུར། ཧྥེ་ལེ་པེན་སྲིད་གཞུང་དམག་དཔུང་གིས་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུའི་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞིའི་ཡས་མས་སུ་སུའུ་ལུའུ་ཞིང་ཆེན་གྱི་ཕཱ་ཐིས་ཁུའུ་ཨར་གྲོང་རྡལ་ནས་ཨ་པུའུ་ཧྲ་ཡེ་ཧྥུའུ་ཞེས་པའི་ཚོགས་ཁག་གི་དྲག་ཆས་ཉེས་ཅན་སྐོར་ཞིག་བར་འཁྲུག་རྩོད་བྱས་ཏེ། དྲག་ཆས་ཉེས་ཅན་བཅུ་བསད་པ་དང་། གཞན་ཡང་དྲག་ཆས་ཉེས་ཅན་བཅོ་ལྔར་རྨས་ལྗིད་མོ་ཕོག་ཡོད། སྲིད་གཞུང་དམག་དཔུང་གི་དམག་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་དྲུག་ལ་རྨས་ཕོག་ཡོད་ཟེར། ཨ་པུའུ་ཧྲ་ཡེ་ཧྥུའུ་ཞེས་པའི་ཚོགས་ཁག་དེ་དུས་རབས་སྔོན་མའི་ལོ་རབས་དགུ་བར་བའི་མགོ་བཙུགས་པ་དང་། རྟེན་གཞི་རྩ་འཛུགས་བར་འབྲེལ་འདྲིས་ཡོད་པར་བཤད་ལ། ཧྥེ་ལེ་པེན་དང་ཨ་མེ་རི་ཁས་འཇིགས་སྐུལ་རིང་ལུགས་རྩ་འཛུགས་སུ་རློམ་ཡོད། ཨ་པུའུ་ཧྲ་ཡེ་ཧྥུའུ་ཞེས་པའི་ཚོགས་ཁག་དེར་མིག་སྔར་བསྡོམས་པས་མི་བརྒྱ་ཕྲག་འགའ་ཡོད་པ་དང་། ཧྥེ་ལེ་པེན་རྒྱལ་ཁབ་དང་རྒྱལ་ཁབ་གཞན་པའི་མི་གཏའ་མང་བོ་བཟུང་སྟེ་ཧྥེ་ལེ་པེན་ལྷོ་ཕྱོགས་ས་ཁུལ་དུ་སྦས་སྐོང་བྱས་ཡོད། ཟླ་བཅུ་གཉིས་པའི་ཚེས་ཉི་ཤུའི་ཉིན། ཧྥེ་ལེ་པེན་སྲིད་གཞུང་དམག་དཔུང་གིས་ལྷོ་ཕྱོགས་ཀྱིས་པཱ་ཞི་ལན་ཞིང་ཆེན་ནས་ཨ་པུའུ་ཧྲ་ཡེ་ཧྥུའུ་ཞེས་པའི་ཚོགས་ཁག་གི་དྲག་ཆས་ཉེས་ཅན་ཉེར་དྲུག་བསད་པར་བཤད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

སི་རི་ཡཱའི་ཧའོ་མུའུ་སི་ནས་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ་མི་བཅུ་དགུ་རྐྱེན་ལམ་དུ་ཤོར།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གཅིག་གྱུར་གྲོས་མཐུན་བཀོད།

པའོ་ལེ་ཝེ་ཡཱ་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།

སི་རི་ཡཱའི་དམག་དཔུང་གིས་ངོ་རྒོལ་དྲག་ཆས་པའི་མགོ་བ་བསད།

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།