ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་དང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན། ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་བཅས་ཀྱིས་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུའི་ཉིན་ཁ་པར་གྲོས་མོལ་བྱས་ཏེ། ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་གནས་བབ་ལ་གྲོས་བསྡུར་བྱས་པ་དང་། ཁོ་ཚོས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་དམ་བཅའ་བསྐྱར་སྒྲོག་བྱས།

ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ལས་བཤད་རྒྱུར། དུས་ཚོད་གཉིས་ཙམ་འགོར་བའི་ཁ་པར་གྲོས་ཚོགས་ཁྲོད། རྒྱལ་ཁབ་བཞིའི་མགོ་ཁྲིད་པས་ཉིས་སྟོང་བཅུ་དྲུག་ལོར་མེན་སི་ཁིའི་གྲོས་མཐུན་གསར་བ་ལག་བསྟར་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས།

རྒྱལ་ཁབ་བཞིའི་མགོ་ཁྲིད་པས་ད་རུང་བསྟན་དོན། ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་འདེམ་བསྐོའི་གྲ་སྒྲིག་བྱ་བར་མཐོང་ཆེན་བྱེད་དགོས་པ་དང་། འདེམ་བསྐོའི་བྱ་འགུལ་དེ་སང་ལོའི་ལོ་མགོར་སྤེལ་དགོས་ཟེར། དེ་ལས་གཞན་རྒྱལ་ཁབ་བཞིའི་ཕྱི་འབྲེལ་བློན་ཆེན་གྱིས་སང་ལོའི་ཟླ་གཉིས་པའི་ཟླ་མགོའི་སྔོན་གྲོས་ཚོགས་བསྡུས་ཏེ། མེན་སི་ཁིའི་གྲོས་མཐུན་གསར་བ་ལག་བསྟར་བྱས་པའི་གནས་ཚུལ་ལ་གྲོས་ཞིབ་བྱེད་རྒྱུ་ཡིན་ཟེར།

དེ་ནི་ད་ལོའི་ཟླ་བཅུ་བའི་ཚེས་གཉིས་ཉིན་ཧྥ་རན་སི་དང་འཇར་མན། ཨུ་རུ་སི། ཝུའུ་ཁི་ལན་བཅས་རྒྱལ་ཁབ་བཞིའི་མཐོ་རིམ་གྲོས་ཚོགས་ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་ཨེ་ལོས་ཧྲི་ཕོ་བྲང་ནས་བསྡུས་རྗེས། རྒྱལ་ཁབ་བཞིའི་མགོ་ཁྲིད་པས་ཐོག་དང་པར་ཁ་པར་གྲོས་མོལ་བྱས་པ་རེད།

ཉིས་སྟོང་བཅོ་ལྔ་ལོའི་ཟླ་གཉིས་པའི་ཚེས་བཅུ་གཉིས་ཉིན། ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གིས་ཨུ་རུ་སི་དཀར་པོའི་རྒྱལ་ས་མེན་སི་ཁི་ནས་གྲོས་མཐུན་གསར་བ་བཀོད། མིག་སྔར་ཝུའུ་ཁི་ལན་གྱི་གནས་བབ་ཞི་འཇགས་སུ་འགྲོ་བའི་རྣམ་པ་བྱུང་ཡོད་ཅིང་། ཞི་བའི་བྱེད་ཐབས་ལ་བརྟེན་ནས་ཤར་ཕྱོགས་ས་ཁུལ་གྱི་དམག་དོན་འཁྲུག་རྩོད་ཐག་གཅོད་པ་དང་དཔལ་འབྱོར་བརྟན་འཇགས་ཡོང་བར་བྱེད་པའི་བྱ་བར་གྲུབ་འབྲས་ངེས་ཅན་ཐོབ་ཡོད་ཀྱང་། གནས་བབ་སྔར་བཞིན་ཉམས་ཞན་ཡིན་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

སི་རི་ཡཱའི་ཧའོ་མུའུ་སི་ནས་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ་མི་བཅུ་དགུ་རྐྱེན་ལམ་དུ་ཤོར།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གཅིག་གྱུར་གྲོས་མཐུན་བཀོད།

པའོ་ལེ་ཝེ་ཡཱ་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།

སི་རི་ཡཱའི་དམག་དཔུང་གིས་ངོ་རྒོལ་དྲག་ཆས་པའི་མགོ་བ་བསད།

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།