ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུའི་ཉིན་དབྱི་རག་གི་ཙུང་ལི་ཨ་པཱ་ཏི་ལ་ཁ་པར་བཏང་སྟེ། དབྱི་རག་དམག་དཔུང་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་ཐད་ནས་གྲུབ་འབྲས་བླངས་པ་དང་། ནུབ་ཕྱོགས་ས་ཁུལ་གྱི་གྲོང་ཁྱེར་གཙོ་བོ་ལཱ་མཱ་ཏིས་ཕྱིར་འཕྲོག་ལེན་བྱས་པར་རྟེན་འབྲེལ་ཞུས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་མགྲིན་ཚབ་པའི་གཞུང་སྒྲུབ་ཁང་གིས་བཤད་རྒྱུར། ཕན་ཅི་ཝུན་གྱིས་ཉིན་དེར་ཁ་པར་གཏོང་སྐབས་བཤད་རྒྱུར། ལཱ་མཱ་ཏིས་ཕྱིར་འཕྲོག་ལེན་བྱས་པ་ནི་རྒྱལ་ཁ་གལ་ཆེན་ཞིག་ཡིན་ཟེར། ཁོས་དབྱི་རག་གིས་ས་དེའི་ཁྲིམས་སྐྱོང་དང་རྨང་གཞིའི་སྒྲིག་ཆས་སླར་གསོ་བྱེད་པའི་བྱེད་ཐབས་སྤྱད་དེ། རང་ཁྱིམ་དང་ཁ་བྲལ་བའི་མི་རྣམས་གང་མགྱོགས་ཀྱིས་ཕྱིར་ཕ་ཡུལ་དུ་ལོག་ཏུ་འཇུག་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དོན་དེར་རྒྱབ་སྐྱོར་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཕན་ཅི་ཝུན་གྱིས་ད་རུང་ཁཱ་ཐར་སྤྱི་དམངས་མང་བོ་དབྱི་རག་ནས་བཙན་ཁྲིད་བྱས་པའི་དོན་རྐྱེན་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན་པ་དང་། དབྱི་རག་སྲིད་གཞུང་གིས་གང་ནུས་ཀྱིས་ཁོ་ཚོ་བདེ་འཇགས་ངང་ཕྱིར་གཏོང་བར་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།

དབྱི་རག་གསར་འགྱུར་ལས་རིགས་ཀྱིས་ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་ཉིན་བསྒྲགས་པ་ལྟར་ན། ཁཱ་ཐར་གྱི་མི་ཉེར་དྲུག་ཙམ་ཚེས་བཅོ་ལྔ་ཉིན་གྱི་དགོང་མོར་དབྱི་རག་ལྷོ་ཕྱོགས་ཀྱི་མུའུ་སཱ་ནཱ་ཞིང་ཆེན་ནས་ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་མི་སྣས་བཙན་ཁྲིད་བྱས་ཟེར།

དབྱི་རག་དམག་ཕྱོགས་ཀྱིས་ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་ཁྱབ་སྒྲོག་བྱས་དོན། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་པའི་བར་འཁྲུག་རྩོད་དྲག་པོ་བྱས་པ་བརྒྱུད། དབྱི་རག་བདེ་འཇགས་དམག་དཔུང་གིས་ཉིན་དེར་དབྱི་རག་ནུབ་ཕྱོགས་ཀྱི་ཨན་པཱ་ཨར་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ལཱ་མཱ་ཏིས་ཕྱིར་འཕྲོག་ལེན་བྱས་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

སི་རི་ཡཱའི་ཧའོ་མུའུ་སི་ནས་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ་མི་བཅུ་དགུ་རྐྱེན་ལམ་དུ་ཤོར།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གཅིག་གྱུར་གྲོས་མཐུན་བཀོད།

པའོ་ལེ་ཝེ་ཡཱ་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།

སི་རི་ཡཱའི་དམག་དཔུང་གིས་ངོ་རྒོལ་དྲག་ཆས་པའི་མགོ་བ་བསད།

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།