ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གི་ཕྱི་འབྲེལ་བློན་ཆེན་ཅཱ་ཧྥ་ལི་ཡིས་ཟླ་བཅུ་གཉིས་པའི་ཚེས་སུམ་ཅུའི་ཉིན་ཡང་བསྐྱར་ཐུར་ཁེའི་དམག་དཔུང་དབྱི་རག་ནས་ཕྱིར་འཐེན་བྱེད་དགོས་པའི་སྐུལ་མ་བཏང་བ་དང་། དེ་ལྟར་མ་བྱས་ན་དམག་དོན་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཟེར། ཐུར་ཁེས་ཟླ་བཅུ་གཉིས་པའི་ཚེས་ལྔ་ཉིན་དབྱི་རག་བྱང་ཕྱོགས་ས་ཁུལ་དུ་དམག་མི་མངག་གཏོང་བྱས་ཏེ་སྦྱོང་བརྡར་ལས་འགན་ལག་བསྟར་བྱས་པ་རེད། དབྱི་རག་དམག་དཔུང་གིས་གྲོང་ཁྱེར་གཙོ་བོ་ལཱ་མཱ་ཏིས་ཀྱི་ཚོད་འཛིན་དབང་ཆ་ཕྱིར་འཕྲོག་ལེན་བྱས་ཀྱང་། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ལ་སྤྱོད་རྩ་འཛུགས་ཀྱི་འཇིགས་སྐུལ་ཉེས་ཅན་བདུན་བརྒྱ་ཙམ་ཉེ་འདབས་སུ་སྦས་སྐོང་བྱས་ཡོད་པ་རེད།

དབྱི་རག་གི་ཕྱི་འབྲེལ་བློན་ཆེན་ཅཱ་ཧྥ་ལི་ཡིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། དབྱི་རག་བྱང་ཕྱོགས་ས་ཁུལ་དུ་བསྡད་ཡོད་པའི་ཐུར་ཁེའི་དམག་དཔུང་སྔ་མོ་ནས་ཕྱིར་འཐེན་མ་བྱས་ན། དབྱི་རག་གིས་དམག་དོན་འགུལ་སྐྱོད་སྤེལ་ནས་རང་གི་མངའ་ཁོངས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར། ཁོས་བཤད་རྒྱུར། དབྱི་རག་གིས་མངའ་ཁོངས་དང་རྒྱལ་དམངས། རྒྱུ་ནོར་བཅས་ལ་སྲུང་སྐྱོབ་བྱེད་པར་གྲ་སྒྲིག་བྱས་ཡོད་པ་དང་། དབྱི་རག་རྒྱལ་དམངས་ཀྱིས་དྲག་ཆས་སྤྲས་ནས་བཙན་འཛུལ་ལ་རྒོལ་ལན་སློག་ངེས་ཡིན་ཡང་། ང་ཚོས་ཐུར་ཁེ་དང་ཁྱིམ་མཚེས་རྒྱལ་ཁབ་གཞན་པའི་བར་མཛའ་མཐུན་འབྲེལ་བ་སྲུང་འཛིན་བྱེད་པར་རེ་བ་ལྷག་ཏུ་ཆེ་ཟེར།

ཅཱ་ཧྥ་ལི་ཡིས་ད་རུང་བསྟན་དོན། ཨ་མེ་རི་ཁའི་དམག་དཔུང་ཉིས་སྟོང་བཅུ་གཅིག་ལོའི་ལོ་མཇུག་ལ་དབྱི་རག་ནས་ཕྱིར་འཐེན་བྱས་རྗེས། ཨ་མེ་རི་ཁ་དང་དབྱི་རག་གི་འཐབ་ཇུས་སྒྲོམ་གཞིའི་གྲོས་མཐུན་ནམ་རྒྱུན་བརྩི་སྲུང་བྱེད་པ་ཡིན་ཡང་། ཨ་མེ་རི་ཁས་ཐུར་ཁེའི་ཐལ་དྲགས་པའི་བྱ་སྤྱོད་ལ་ལུགས་དང་མི་མཐུན་པའི་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར།

ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་དེའི་སྔོན་བསྟན་དོན། དབྱི་རག་བྱང་ཕྱོགས་ས་ཁུལ་དུ་མངག་གཏོང་བྱས་པའི་དམག་དཔུང་མུ་མཐུད་དུ་སྡོད་རྒྱུ་ཡིན་པ་དང་། དེའི་རྒྱུ་མཚན་ནི་དམག་དཔུང་དེས་སྦྱོང་བརྡར་ལས་འགན་ལག་བསྟར་བྱེད་པའི་ཐུར་ཁེའི་དམག་དཔུང་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་པས་ཡིན་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

སི་རི་ཡཱའི་ཧའོ་མུའུ་སི་ནས་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ་མི་བཅུ་དགུ་རྐྱེན་ལམ་དུ་ཤོར།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གཅིག་གྱུར་གྲོས་མཐུན་བཀོད།

པའོ་ལེ་ཝེ་ཡཱ་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།

སི་རི་ཡཱའི་དམག་དཔུང་གིས་ངོ་རྒོལ་དྲག་ཆས་པའི་མགོ་བ་བསད།

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།