ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་ནུབ་བྱང་ཕྱོགས་ཀྱི་མཱ་ཨར་ཏན་ས་ཁུལ་ནས་ཚེས་ཉེར་དགུ་ཉིན་གྱི་ཕྱི་དྲོར་སྲིད་གཞུང་གི་གཞུང་སྒྲུབ་ཐོག་ཁང་ཆེན་མོར་དམིགས་པའི་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་བ་དང་། མིག་སྔར་ཉུང་མཐར་ཡང་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་ཞེ་བདུན་ལ་རྨས་ཕོག

ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། འགས་གཏོར་དོན་རྐྱེན་དེ་མཱ་ཨར་ཏན་ས་ཁུལ་གྱི་རྒྱལ་ཁབ་གཞི་གྲངས་མཛོད་ཁང་དང་ཐོ་འགོད་དོ་དམ་ཅུའུ་ཡི་སྒོ་ཁ་ནས་བྱུང་བ་རེད། འགས་གཏོར་བྱུང་སྐབས་སྡེ་ཁག་དེའི་གཞུང་སྒྲུབ་ཐོག་ཁང་དུ་མི་མང་བོས་གྲལ་བསྒྲིགས་ཏེ་ཐོབ་ཐང་ལག་ཁྱེར་ལེན་པར་སྒུག་ཡོད་པ་རེད། ཚོད་དཔག་བྱས་ན་ལོ་ཉི་ཤུ་ལྷག་ཡིན་པའི་རང་སྲོག་གཅོད་པའི་འཇབ་རྒོལ་མཁན་ཞིག་གིས་འཕྲུལ་རྟ་བསྐོར་ནས་གཞུང་སྒྲུབ་ཐོག་ཁང་དུ་འགྲོ་རྩིས་བྱེད་སྐབས། བདེ་སྲུང་མི་སྣས་བཀག་འགོག་བྱས་པ་དང་། འཇབ་རྒོལ་མཁན་གྱིས་འཕྲུལ་རྟ་བསྐོར་ནས་དོ་དམ་ཅུའུ་ཡི་སྒོ་ཆེན་ལ་ཐོ་བརྒྱབ་པར་མ་ཟད་འགད་རྫས་འགས་གཏོར་བཏང་བ་རེད་ཟེར།

གཞན་ཡང་ཕཱ་ཁི་སི་ཐན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། འགས་གཏོར་དེ་ལས་ཉུང་མཐར་ཡང་མི་ཉེར་གཅིག་རྐྱེན་ལམ་དུ་ཤོར།

འགས་གཏོར་དོན་རྐྱེན་བྱུང་རྗེས། རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་བ་དང་། རྨས་སྐྱོན་ཚབས་ཆེ་བའི་རྨས་མ་བརྒྱད་ནུབ་བྱང་ཕྱོགས་ཀྱི་པེ་ཧྲ་ཝ་གྲོང་ཁྱེར་དུ་བསྐྱལ་ནས་མྱུར་སྐྱོབ་བྱས། མིག་སྔར་ས་དེའི་ཉེན་རྟོག་ཕྱོགས་ཀྱིས་འབྲེལ་ཡོད་ས་ཁོངས་བཀག་སྡོམ་བྱས་ཏེ་རྟོག་ཞིབ་བྱེད་བཞིན་ཡོད།

ཕཱ་ཁི་སི་ཐན་གྱི་ཙུང་ལི་ཞེ་ལི་ཧྥུའུ་ཡིས་དེའི་རྗེས་སུ་གསལ་སྒྲོག་སྤེལ་ཏེ། འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་དེར་རྒོལ་གཏམ་དྲག་པོ་བཏང་བ་དང་། ཤི་བོ་དག་ལ་མྱ་ངན་ཞུས་པ་དང་རྨས་མ་རྣམས་སྔ་མོར་བདེ་ཐང་ཡོང་བའི་སྨོན་འདུན་ཞུས།

ཕཱ་ཁི་སི་ཐན་གྱི་ཐཱ་ལེ་པན་ཡན་ལག་རྩ་འཛུགས་ཀྱིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་སྒྲོག་བྱས།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

སི་རི་ཡཱའི་ཧའོ་མུའུ་སི་ནས་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ་མི་བཅུ་དགུ་རྐྱེན་ལམ་དུ་ཤོར།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གཅིག་གྱུར་གྲོས་མཐུན་བཀོད།

པའོ་ལེ་ཝེ་ཡཱ་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།

སི་རི་ཡཱའི་དམག་དཔུང་གིས་ངོ་རྒོལ་དྲག་ཆས་པའི་མགོ་བ་བསད།

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།