ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་དགུའི་ཉིན་བཤད་རྒྱུར། ཨ་མེ་རི་ཁས་གཙོ་ཁྲིད་བྱེད་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་རྒྱལ་སྤྱིའི་མནའ་འབྲེལ་གྱིས་ཟླ་འདིའི་བར་སྣང་འཇབ་རྒོལ་ཁྲོད་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མཐོ་རིམ་ཁོངས་མི་བཅུ་ཚར་གཅོད་བྱས་པ་དང་། དེའི་ནང་གི་གཅིག་ཟླ་སྔོན་མའི་ཕཱ་རེ་སིའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་གྱི་ཉེན་ཅན་གཙོ་བོར་འབྲེལ་བ་ཡོད་ཟེར།

ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་བོ་ལོན་གྱིས་ཉིན་དེར་གསར་འགྱུར་སྨྱན་བྱད་བརྒྱུད་དེ་བཤད་རྒྱུར། རྒྱལ་སྤྱིའི་མནའ་འབྲེལ་གྱིས་ཟླ་འདིའི་ཚེས་ཉེར་བཞིའི་ཉིན་བར་སྣང་འགུལ་སྐྱོད་ཁྲོད་སི་རི་ཡཱ་རུ་སྡོད་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མགོ་བ་མུའུ་ཨ་ཏན་བསད་པ་དང་། ཁོ་ཟླ་སྔོན་མར་ཕཱ་རེ་སི་ནས་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་བཟོ་མཁན་གྱི་ཉེས་ཅན་གཙོ་བོ་ཨ་པཱ་ཝུའུ་ཏི་དང་ཐད་ཀར་འབྲེལ་བ་ཡོད་ཟེར། བོ་ལོན་གྱིས་བཤད་རྒྱུར། མུའུ་ཨ་ཏན་གྱིས་དེའི་སྔོན་ནུབ་ཕྱོགས་རྒྱལ་ཁབ་ལ་དམིགས་པའི་འཇབ་རྒོལ་འགུལ་སྐྱོད་ཇུས་འགོད་བྱེད་བཞིན་ཡོད་ཟེར།

བོ་ལོན་གྱིས་བསྟན་དོན། རྒྱལ་སྤྱིའི་མནའ་འབྲེལ་གྱིས་ཨ་མེ་རི་ཁ་དང་དེའི་མནའ་མཐུན་གྲོགས་པོར་དཔུང་འཇུག་བྱེད་རྩིས་ཡོད་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མགོ་བ་གང་རུང་འཛིན་བཟུང་དང་ཚར་གཅོད་བྱེད་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

སི་རི་ཡཱའི་ཧའོ་མུའུ་སི་ནས་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ་མི་བཅུ་དགུ་རྐྱེན་ལམ་དུ་ཤོར།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གཅིག་གྱུར་གྲོས་མཐུན་བཀོད།

པའོ་ལེ་ཝེ་ཡཱ་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།

སི་རི་ཡཱའི་དམག་དཔུང་གིས་ངོ་རྒོལ་དྲག་ཆས་པའི་མགོ་བ་བསད།

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།