ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀི་ལུའུ་ཅི་ཡཱའི་གྲོས་ཁང་གིས་ཚེས་ཉེར་དགུའི་ཉིན་ཡིད་རྟོན་འདེམ་ཤོག་འཕང་སྟེ། ཁི་ཝེ་ལེ་ཁཱ་ཧྲི་ཝེ་ལེ་ཀི་ལུའུ་ཅི་ཡཱ་སྲིད་གཞུང་གི་ཙུང་ལི་གསར་བར་བསྐོ་འཇོག་བྱེད་པར་ཆོག་མཆན་བཀོད།

ཉིན་དེའི་དགོང་མོར། ཀི་ལུའུ་ཅི་ཡཱའི་གྲོས་ཁང་ནས་འདེམ་ཤོག་གྱ་དྲུག་འཐད་པ་བྱུང་བ་དང་། འདེམ་ཤོག་ཉེར་བརྒྱད་ཀྱིས་ངོ་རྒོལ་བྱེད་པའི་མཇུག་འབྲས་ཀྱིས་ཙུང་ལི་གསར་བ་དང་དེས་མགོ་ཁྲིད་པའི་ནེ་ཀི་གསར་བར་ཡིད་རྟོན་འདེམ་ཤོག་འཕངས། ཁི་ཝེ་ལེ་ཁཱ་ཧྲི་ཝེ་ལེའི་ནེ་ཀི་གསར་བའི་ཁོངས་མིར་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཀྲ་ནཱ་ལེ་ཙེ་མི་གསར་ཡིན་པ་ལས་གཞན་ཚང་མ་སྔོན་ཆད་ཀྱི་ནེ་ཀིའི་ཁོངས་མི་རེད།

ད་ལོར་ལོ་ཞེ་བརྒྱད་ཡིན་པའི་ཁི་ཝེ་ལེ་ཁཱ་ཧྲི་ཝེ་ལེ་ད་ལོའི་ཟླ་དགུ་བར་ཀི་ལུའུ་ཅི་ཡཱའི་ཙུང་ལི་གཞོན་པ་དང་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་དུ་བསྐོ་འཇོག་བྱས་པ་ཡིན་ལ། དེའི་སྔོན་ཙུང་ལི་གཞོན་པ་དང་དཔལ་འབྱོར་པུའུ་ཀྲང་གི་འགན་ཁུར་མྱོང་།

ཚེས་ཉེར་གསུམ་ཉིན། ཀི་ལུའུ་ཅི་ཡཱའི་ཙུང་ལི་ཅཱ་ལི་པཱ་ཧྲི་ཝེ་ལེ་ཡིས་གློ་བུར་དུ་ལས་ཁུར་དགོངས་ཞུ་བྱས། སྲིད་འཛིན་པའི་ཀི་ལུའུ་ཅི་ཡཱའི་རེ་འདུན་ཞེས་པའི་མནའ་འབྲེལ་གྱིས་ཚེས་ཉེར་ལྔ་ཉིན་ཁི་ཝེ་ལེ་ཁཱ་ཧྲི་ཝེ་ལེ་ཙུང་ལི་གསར་བའི་འདེམ་སྒུག་མི་སྣར་མིང་བཏོན་པར་མ་ཟད་ནེ་ཀི་རྩ་འཛུགས་བྱེད་པའི་འགན་ཁུར་དུ་བཅུག

ཀི་ལུའུ་ཅི་ཡཱའི་རྩ་ཁྲིམས་གཏན་འཁེལ་ལྟར་ན། ཙུང་ལི་གསར་བ་དང་ནེ་ཀི་གསར་བས་ངེས་པར་དུ་གྲོས་ཁང་གི་ཡིད་རྟོན་འདེམ་ཤོག་དང་ལེན་བྱེད་དགོས་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

སི་རི་ཡཱའི་ཧའོ་མུའུ་སི་ནས་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་བྱུང་སྟེ་མི་བཅུ་དགུ་རྐྱེན་ལམ་དུ་ཤོར།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གཅིག་གྱུར་གྲོས་མཐུན་བཀོད།

པའོ་ལེ་ཝེ་ཡཱ་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།

སི་རི་ཡཱའི་དམག་དཔུང་གིས་ངོ་རྒོལ་དྲག་ཆས་པའི་མགོ་བ་བསད།

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།