ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་བརྒྱད་ཉིན་ཙུང་ཐུང་བཀའ་རྒྱ་སྤེལ་ཏེ། ཉིས་སྟོང་བཅུ་དྲུག་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་མཁའ་འགྲུལ་ལས་དོན་ཁང་རྩིས་མེད་དུ་བཏང་སྟེ། ཨུ་རུ་སིའི་མཁའ་འགྲུལ་སྡེ་ཚོགས་ཀུང་ཟི་བཙུགས། ཨུ་རུ་སིའི་མཁའ་འགྲུལ་སྡེ་ཚོགས་ཀུང་ཟི་དེ་རྒྱལ་ཕྲན་མཉམ་འབྲེལ་མཁའ་འགྲུལ་ལས་དོན་ཁང་དང་། མཉམ་འབྲེལ་མེ་ཤུགས་འཕུར་མདའི་མཁའ་འགྲུལ་མ་རྐང་ཚད་ཡོད་ཀུང་ཟིའི་རྨང་གཞིའི་སྟེང་བཙུགས་པ་ཡིན་ཞིང་། རྒྱལ་དབང་ཁེ་ལས་དང་ཨུ་རུ་སིའི་མཁའ་འགྲུལ་ཁྱབ་ཁོངས་ཀྱི་སྲིད་ཇུས་ཁྲིམས་སྲོལ་ལག་བསྟར་བྱེད་པའི་འགན་ཁུར་ཡོད་པ་དང་། ཨུ་རུ་སིའི་བར་སྣང་ཞིབ་འཇུག་དང་འཕུར་བསྐྱོད་འཕྲུལ་ཆས་ཀྱི་ཞིབ་འཇུག་བཟོ་སྐྲུན། ཀི་ལོ་ནཱ་སི་མཁའ་འགྲུལ་ཁྲིད་སྟོན་འཁོར་སྐར་འཕེལ་རྒྱས་སུ་གཏོང་བའི་དབང་ཆ་ཐོབ་པའི་ལས་ཁུངས་ཡིན།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གཅིག་གྱུར་གྲོས་མཐུན་བཀོད།

པའོ་ལེ་ཝེ་ཡཱ་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།

སི་རི་ཡཱའི་དམག་དཔུང་གིས་ངོ་རྒོལ་དྲག་ཆས་པའི་མགོ་བ་བསད།

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གྲོས་བསྡུར་བྱས།