ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་ཉེར་བརྒྱད་ཉིན་བཤད་རྒྱུར། ཨུ་རུ་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ཉིན་གྱི་གྲོས་ཆོད་རྨང་གཞིའི་སྟེང་སྔར་ལས་ལྷག་པའི་སྒོ་ནས་སི་རི་ཡཱའི་ཉམས་ཉེན་དེ་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་བྱེད་པར་ཡར་སྐུལ་གཏོང་རྒྱུ་ཡིན་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བཤད་རྒྱུར། ཨུ་རུ་སི་ཡིས་བརྩི་སྲུང་བྱེད་པའི་རྩ་དོན་ནི། སི་རི་ཡཱའི་བདག་དབང་དང་གཅིག་གྱུར། མངའ་ཁོངས་ཆ་ཚང་བ་བཅས་ལ་སྲུང་སྐྱོབ་བྱེད་པའི་རྨང་གཞིའི་སྟེང་། སི་རི་ཡཱའི་མིས་རྒྱལ་ཁབ་རང་གི་མ་འོངས་པ་ཐག་གཅོད་བྱེད་དགོས། ད་ལྟ་ཐག་གཅོད་བྱེད་དགོས་པའི་གནད་དོན་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་སི་རི་ཡཱའི་གནད་དོན་གྱི་དམིགས་བསལ་ཕོ་ཉའི་མགོ་འཛིན་འོག ངོ་རྒོལ་ཕྱོགས་ཁག་གིས་འཐུས་ཚབ་ཚོགས་པ་ཇི་ལྟར་གྲོས་མོལ་ལ་མངག་པར་བསམ་བློ་གཏོང་དགོས་ཟེར།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། ངོ་རྒོལ་ཕྱོགས་ཁག་ལ་མིག་སྔར་གཅིག་གྱུར་གྱི་བསམ་འཆར་མེད་པ་དང་། སི་རི་ཡཱའི་སྲིད་གཞུང་གིས་གྲོས་མོལ་བྱེད་པར་གྲ་སྒྲིག་བྱས། གྲོས་མོལ་འཕེལ་རིམ་ལས་སླ་མོ་ཡིན་ཡང་། ཨུ་རུ་སིས་ཚད་མེད་པར་འགོར་འགྱངས་བྱེད་མི་རུང་བར་བསམ་ཡོད།

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། འཕེལ་རིམ་དེ་གཙོ་བོ་ཕྱོགས་སོ་སོས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་ལ་མཐུན་སྦྱོར་བྱེད་པའི་ཕན་ནུས་ལ་རག་ལས་ཡོད་ཟེར། འགྲན་རྩོད་དེ་འདྲའི་མདུན་ནས་ངེས་པར་དུ་ཡོད་ཚད་གོ་གནས་ཕལ་བར་བཞག་སྟེ། སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ་འཇིགས་སྐུལ་རིང་ལུགས་གནད་དོན་ཐག་གཅོད་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གཅིག་གྱུར་གྲོས་མཐུན་བཀོད།

པའོ་ལེ་ཝེ་ཡཱ་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།

སི་རི་ཡཱའི་དམག་དཔུང་གིས་ངོ་རྒོལ་དྲག་ཆས་པའི་མགོ་བ་བསད།

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གྲོས་བསྡུར་བྱས།