ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་ཉེར་བརྒྱད་ཉིན་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ལ་ཁ་པར་གཏོང་སྐབས་ཨ་མེ་རི་ཁའི་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱིས་མེན་སི་ཁིའི་གྲོས་མཐུན་གསར་བ་བརྩི་སྲུང་བྱེད་པར་ཡར་སྐུལ་བྱེད་དགོས་པའི་རེ་བ་བཏོན་པར་མ་ཟད། ཨ་མེ་རི་ཁའི་ཕྱོགས་ཀྱིས་སི་རི་ཡཱ་ནས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་གཅིག་གྱུར་འཐབ་ཕྱོགས་འཛུགས་སྐབས་སྔོན་འགྲོའི་ཆ་རྐྱེན་བསྐྱུར་དགོས་པའི་འབོད་སྐུལ་བཏང་།

སྤྱི་སྒྲོག་ལས་བཤད་རྒྱུར། ལཱ་ཧྥུའུ་ལོ་ཧྥུའུ་དང་ཁི་ལེ་གཉིས་ཀྱིས་སི་རི་ཡཱའི་ཉམས་ཉེན་གྱི་མདུན་ལྗོངས་ལ་རྒྱུས་ལོན་དང་གྲོས་བསྡུར་བྱས། སི་རི་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གི་འཐུས་མིས་གྲོས་མོལ་བྱེད་པའི་གནད་དོན་ཐད་ནས་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཡང་བསྐྱར་ནན་གྱིས་བསྟན་དོན། སི་རི་ཡཱ་ནས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་གཅིག་གྱུར་འཐབ་ཕྱོགས་འཛུགས་སྐབས་ངེས་པར་དུ་སྔོན་འགྲོའི་ཆ་རྐྱེན་བསྐྱུར་དགོས་ཟེར།

ཝུའུ་ཁི་ལན་གྱི་གནད་དོན་ཐད་ནས་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཨ་མེ་རི་ཁའི་ཕྱོགས་ཀྱིས་ཡོ་རོབ་གླིང་བདེ་འཇགས་མཉམ་ལས་རྩ་འཛུགས་ཀྱི་ལྟ་ཞིབ་པ་དང་ཨུ་རུ་སིའི་གསར་འགོད་པར་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་ཁི་མེན་ཐི་ཨར་ནོའུ་བོ་སྡེ་བ་ནས་འཇབ་རྒོལ་ཐེབས་པའི་དོན་དངོས་ལ་མཉམ་འཇོག་བྱེད་དགོས་པའི་རེ་བ་བཏོན་པར་མ་ཟད། ཨ་མེ་རི་ཁའི་ཕྱོགས་ཀྱིས་ཝུའུ་ཁི་ལན་ལ་གནོན་ཤུགས་བྱིན་ཏེ། ཝུའུ་ཁི་ལན་གྱིས་མེན་སི་ཁིའི་གྲོས་མཐུན་གསར་བ་བརྩི་སྲུང་ནན་མོ་བྱེད་པར་ཡར་སྐུལ་གཏོང་དགོས་ཟེར།

ཨུ་རུ་སི་དང་ཨ་མེ་རི་ཁའི་འབྲེལ་བའི་གནད་དོན་གླེང་སྐབས་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁས་ཨུ་རུ་སི་ལ་སྔར་ལས་ལྷག་པའི་བཀག་སྡོམ་བྱེད་ཐབས་སྤྱོད་པར་རྒྱལ་སྤྱིའི་གནད་དོན་ཐད་ཀྱི་ཕྱོགས་གཉིས་ཀྱི་རོགས་ལས་མངོན་འགྱུར་བྱེད་པར་གཏོར་བརླག་ཐེབས་སྲིད་པ་ཙམ་ལས་མདུན་ལམ་ཅི་ཡང་མེད་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིསི་ཀྱིས་ད་རུང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་ཕྱོགས་ཡོངས་གྲོས་མཐུན་ཕྱོགས་ཡོངས་ཀྱི་ཐུན་མོང་འགུལ་སྐྱོད་འཆར་གཞིའི་བྱེ་བྲག་གི་ལག་བསྟར་གནད་དོན་ལ་གྲོས་བསྡུར་བྱས།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པའོ་ལེ་ཝེ་ཡཱ་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།

སི་རི་ཡཱའི་དམག་དཔུང་གིས་ངོ་རྒོལ་དྲག་ཆས་པའི་མགོ་བ་བསད།

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གྲོས་བསྡུར་བྱས།

ཕཱ་ཁི་སི་ཐན་གྱི་ཚོང་ར་ཞིག་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།