
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པའོ་ལེ་ཝེ་ཡཱའི་གསར་འགྱུར་ལས་རིགས་ཀྱིས་ཚེས་ཉེར་ལྔ་ཉིན་བསྒྲགས་པ་ལྟར་ན། པའོ་ལེ་ཝེ་ཡཱའི་ཁི་ཆཱ་པན་པཱ་ཞིང་ཆེན་དང་ཨོ་ལུའུ་ལོ་ཞིང་ཆེན་བར་གྱི་གཞུང་ལམ་སྟེང་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ། མི་བཅོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ལ་རྨས་ཕོག
ཁི་ཆཱ་པན་པཱ་ཞིང་ཆེན་གྱི་ཉེན་རྟོག་ཅུའུ་ཀྲང་ཨ་ཅི་ལཱ་ཨར་གྱིས་བཤད་རྒྱུར། ཁམ་བུ་དྲུད་པའི་དངོས་སྐྱེལ་རླངས་འཁོར་ཞིག་སྔོན་གྱི་རླངས་འཁོར་ལས་བརྒལ་རྩིས་བྱེད་སྐབས་ལོག་ནས། རླངས་འཁོར་སྟེང་གི་འགྲུལ་བ་བཅུ་བཞི་དང་ཁམ་བུ་གཞུང་ལམ་སྟེང་ལྷུང་བ་དང་། སྟབས་མ་ལེགས་པར་ཁ་གཏད་ནས་ཡོང་བའི་འགྲུལ་སྐྱེལ་རླངས་འཁོར་ཞིག་གིས་འགྲུལ་བ་བཅུ་བཞི་བོ་གཅིར་རྗེས་ལམ་འགྲམ་གྱི་བྲག་རྡོའི་སྟེང་ཐོ་བརྒྱབ། འགྲུལ་སྐྱེལ་རླངས་འཁོར་གྱི་ཁ་ལོ་བའི་འདུག་རོགས་དང་འགྲུལ་སྐྱེལ་རླངས་འཁོར་གྱིས་གཅིར་བའི་འགྲུལ་བ་བཅུ་བཞི་བོ་ཁ་མལ་དེ་ནས་རྐྱེན་ལམ་དུ་ཤོར།
དེ་ལས་གཞན་དངོས་སྐྱེལ་རླངས་འཁོར་སྟེང་གི་འགྲུལ་བ་གསུམ་དང་འགྲུལ་སྐྱེལ་རླངས་འཁོར་སྟེང་གི་མི་བདུན་ལ་རྨས་ཕོག མིག་སྔར་རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།
འབྲེལ་ཡོད་རྩོམ་ཡིག

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།
པར་རིས་གསར་འགྱུར།
རྒྱལ་ཡོངས་སྲིད་གྲོས་ཀྲུའུ་ཞི་གྲོས་ཚོགས་ཀྱིས་སང་ལོའི་ཟླ་གསུམ་པའི་ཚེས་གསུམ་ཉིན་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་བསྡུ་རྒྱུའི་གྲོས་གཞི་བཏོན།
བོད་ལྗོངས་ཀྱིས་ཞིང་ཁྱིམ་དེབ་ཁང་འཛུགས་སྐྲུན་ཐད་དོ་ཁུར་ཤུགས་ཆེན་བྱས་པ།
མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པས་སྐབས་དང་པོའི(ཚོང་ཚོགས་རྟགས་མའི)བཟོ་རྩལ་གསར་གཏོད་ཐོན་རྫས་དཔྱད་འདེམས་དང་བརྗེ་རེས་བྱ་འགུལ་སྤེལ།
“བཟོ་ལས་སྟོབས་ཆེར་དང་གྲོང་ཁྱེར་དར་རྒྱས”གཏོང་བའི་དུས་སུ་སླེབས་པ།
བོད་ཁུལ་གསར་འགྱུར།
- བོད་ལྗོངས་ཀྱིས་ཞིང་ཁྱིམ་དེབ་ཁང་འཛུགས་སྐྲུན་ཐད་དོ་ཁུར་ཤུགས་ཆེན་བྱས་པ།
- བོད་ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ལྷ་སར་འཚོགས་པ།
- བོད་ལྗོངས་ཡོངས་ཀྱི་སློབ་གསོའི་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ།
- རྔུལ་ཆུ་གངས་ལྗོངས་ས་གཞི་ཆེ་མོར་བཏོན།
- བོད་ལྗོངས་སྲིད་གྲོས་ལས་ཁུངས་ཀྱིས་ལས་དོན་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་འཚོགས་པ།
- སྲིད་གྲོས་སྐབས་དང་པོའི་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་འགོ་ཚུགས་པ།
- མཚོ་སྔོན་གྱིས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་གཞུང་དོན་ཐད་རླངས་འཁོར་བཀོལ་བའི་ལམ་ལུགས་བཅོས་བསྒྱུར་བྱ་བའི་ཚོགས་འདུ་བསྡུས།
- མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པས་སྐབས་དང་པོའི(ཚོང་ཚོགས་རྟགས་མའི)བཟོ་རྩལ་གསར་གཏོད་ཐོན་རྫས་དཔྱད་འདེམས་དང་བརྗེ་རེས་བྱ་འགུལ་སྤེལ།
- བཀྲག་མདངས་འཚེར་བའི་ཕྱག་རྗེས།