ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཝ་ཧྲིན་ཐོན་སྦྲགས་སྲིད་ཚགས་པར་གྱིས་ཚེས་ཉེར་བདུན་ཉིན་བཀོད་པའི་བསྡོམས་རྩིས་རྣམ་གྲངས་ལྟར་ན། ཉིས་སྟོང་བཅོ་ལྔ་ལོར་བསྡོམས་པས་ཨ་མེ་རི་ཁའི་མི་སེར་དཀྱུས་མ་དགུ་བརྒྱ་དང་རེ་ལྔ་ཉེན་རྟོག་པའི་མེ་མདའི་ཁར་ཤི་ཉེས་སུ་སོང་བ་དང་། དེའི་ནང་བརྒྱ་ཆའི་བཅུ་ཙམ་ལག་ཏུ་མཚོན་ཆ་ཅི་ཡང་མེད་པའི་གནས་ཚུལ་འོག་ཉེན་རྟོག་པས་བསད་པ་རེད་ཟེར། བསྒྲགས་པ་ལྟར་ན། རིགས་རྒྱུད་ནི་སྔར་བཞིན་ཉེན་རྟོག་པས་མེ་མདའ་གང་འདོད་དུ་བཀོལ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་ཞིང་། མེ་མདའ་བཟུང་མེད་པར་ཉེན་རྟོག་པས་བསད་པའི་མི་ཚོགས་ཁྲོད། མི་ནག་དང་ལཱ་ཏེན་མེ་གླིང་གི་རྒྱུད་པས་བརྒྱ་ཆའི་དྲུག་ཅུ་ཟིན་ཡོད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

སི་རི་ཡཱའི་དམག་དཔུང་གིས་ངོ་རྒོལ་དྲག་ཆས་པའི་མགོ་བ་བསད།

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གྲོས་བསྡུར་བྱས།

ཕཱ་ཁི་སི་ཐན་གྱི་ཚོང་ར་ཞིག་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།

འཇར་པན་དང་ཨུ་རུ་སི་ཡིས་སང་ལོའི་ལོ་མགོར་པུའུ་ཀྲང་གཞོན་པ་རིམ་པའི་གྲོས་མོལ་སྤེལ་ཏེ་ཨན་པའེ་ཅིན་སན་གྱིས་ཨུ་རུ་སི་ལ་འཚམས་འདྲི་བྱེད་པར་རྨང་འདིང་རྒྱུ་རེད།