ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ནཱ་སི་ལུའུ་ལཱ་ཡིས་ཚེས་ཉེར་བདུན་ཉིན་པེ་རུ་ཐི་ནས་ཡང་བསྐྱར་དབྱི་སི་རལ་ལ་འཇིགས་སྐུལ་བྱས་ཏེ། ཀྲིན་ཀྲུའུ་ཏང་གི་མཐོ་རིམ་ཁོངས་མི་ཁན་ཐཱ་ཨར་སི་རི་ཡཱ་ནས་དབྱི་སི་རལ་གྱི་བར་སྣང་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་བའི་དོན་རྐྱེན་ཐད་ནས་འཁོན་ལན་སློག་རྒྱུ་ཡིན་ཟེར།

ནཱ་སི་ལུའུ་ལཱ་ཡིས་ཉིན་དེའི་ཕྱི་དྲོར་ཀྲིན་ཀྲུའུ་ཏང་གིས་སྤེལ་བའི་ཁན་ཐཱ་ཨར་རྐྱེན་ལམ་དུ་ཤོར་ནས་གཟའ་འཁོར་གཅིག་འགོར་བར་རྗེས་དྲན་བྱེད་པའི་འདུ་ཚོགས་སྟེང་བརྙན་རིས་བརྒྱུད་དེ་གཏམ་བཤད་སྤེལ་ནས། ཀྲིན་ཀྲུའུ་ཏང་གིས་དབྱི་སི་རལ་གྱིས་ཁན་ཐཱ་ཨར་དམར་གསོད་བཏང་བའི་དོན་རྐྱེན་ཐད་ནས་འཁོན་ལན་སློག་པའི་བྱ་བ་མྱུར་དུ་སྤེལ་རྒྱུ་ཡིན་པ་དང་། ལེ་པཱ་ནུན་དང་དབྱི་སི་རལ་མཐའ་མཚམས་ཀྱི་ཆེས་ནུབ་ཕྱོགས་ཀྱི་ནཱ་ཁུའུ་ལཱ་ནས་ཤར་ཕྱོགས་ཀྱི་དབྱི་སི་རལ་གྱིས་བཙན་བཟུང་བྱས་པའི་ཀི་ལན་མཐོ་སྒང་གི་དབྱི་སི་རལ་གྱི་དམག་དཔུང་སྒར་ས་དག་ནི་ཀྲིན་ཀྲུའུ་ཏང་གིས་འཁོན་ལན་སློག་སའི་དམིགས་འབེན་ཡིན་ཟེར།

ནཱ་སི་ལུའུ་ལཱ་ཡིས་བཤད་རྒྱུར། ཀྲིན་ཀྲུའུ་ཏང་གིས་དབྱི་སི་རལ་གྱི་བྱ་སྤྱོད་དེར་བཟོད་སྒོམ་གཏན་ནས་བྱེད་མི་སྲིད་ལ། ཀྲིན་ཀྲུའུ་ཏང་དབྱི་སི་རལ་གྱིས་བཏོན་པའི་འཇིགས་སྐུལ་ལ་སྐྲག་སྣང་ཅུང་ཙམ་ཡང་སྐྱེས་མི་སྲིད་ཟེར།

དེ་ནི་གཟའ་འཁོར་གཅིག་གི་ནང་ཀྲིན་ཀྲུའུ་ཏང་གི་མགོ་ཁྲིད་པས་ཐེངས་གཉིས་པར་དབྱི་སི་རལ་ལ་འཁོན་ལན་སློག་རྒྱུའི་འཇིགས་སྐུལ་བྱས་པ་རེད། ནཱ་སི་ལུའུ་ལཱ་ཡིས་ཚེས་ཉེར་གཅིག་ཉིན་གྱི་དགོང་མོར་ཀྲིན་ཀྲུའུ་ཏང་གི་ཁོངས་སུ་གཏོགས་པའི་བརྙན་འཕྲིན་ཁང་བརྒྱུད་དེ་གཏམ་བཤད་སྤེལ་ནས། དབྱི་སི་རལ་གྱིས་ཁན་ཐཱ་ཨར་རྐྱེན་ལམ་དུ་ཤོར་བར་འགན་ཡོད་ཚད་ཁུར་དགོས་པ་དང་། ཀྲིན་ཀྲུའུ་ཏང་གིས་འོས་འཚམ་ཡིན་པར་རློམ་པའི་དུས་ཚོད་དང་ས་གནས་ནས་དབྱི་སི་རལ་ལ་འཁོན་ལན་སློག་པའི་དབང་ཆ་ཡོད་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

སི་རི་ཡཱའི་དམག་དཔུང་གིས་ངོ་རྒོལ་དྲག་ཆས་པའི་མགོ་བ་བསད།

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གྲོས་བསྡུར་བྱས།

ཕཱ་ཁི་སི་ཐན་གྱི་ཚོང་ར་ཞིག་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།

འཇར་པན་དང་ཨུ་རུ་སི་ཡིས་སང་ལོའི་ལོ་མགོར་པུའུ་ཀྲང་གཞོན་པ་རིམ་པའི་གྲོས་མོལ་སྤེལ་ཏེ་ཨན་པའེ་ཅིན་སན་གྱིས་ཨུ་རུ་སི་ལ་འཚམས་འདྲི་བྱེད་པར་རྨང་འདིང་རྒྱུ་རེད།