ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་གྱི་ཅུའུ་ཀྲང་རིམ་པའི་གྲོས་ཚོགས་ཐེངས་བཅུ་གཉིས་པ་ཚེས་ཉེར་བདུན་ཉིན་ཧྲིག་ཨར་ནས་སྤེལ་བ་དང་། ཧན་གོའི་ཕྱི་འབྲེལ་པུའུ་ཨེ་ཤ་ཡཱ་བྱང་ཤར་ཅུའུ་ཡི་ཅུའུ་ཀྲང་ལིས་ཞང་ཏི་དང་འཇར་པན་ཕྱི་འབྲེལ་པུའུ་ཨེ་ཤ་ཡཱ་དང་རྒྱ་མཚོ་ཆེན་མོའི་ལས་དོན་ཅུའུ་ཡི་ཅུའུ་ཀྲང་ཧྲི་ཅན་ཀུང་པོ་གཉིས་ཀྱིས་སོ་སོར་འཐུས་ཚབ་ཚོགས་པ་ཁྲིད་དེ་གྲོས་ཚོགས་ལ་ཞུགས།

བསྒྲགས་པ་ལྟར་ན། གྲོས་ཚོགས་ནི་ཉིན་དེའི་ཕྱི་དྲོའི་དུས་ཚོད་གསུམ་ནས་བཟུང་མགོ་བརྩམས་ཏེ་དུས་ཚོད་གཉིས་ལྷག་འགོར་བ་དང་། གསར་འགྱུར་འདི་སྤེལ་རག་བར་ཕྱོགས་གཉིས་ཀྱིས་གྲོས་ཚོགས་ཀྱི་མཇུག་འབྲས་ཁྱབ་སྒྲོག་བྱས་མེད་ཟེར།

དེ་ལས་གཞན་ཧན་གོའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཡུན་པེན་ཧྲི་དང་འཇར་པན་གྱི་ཕྱི་འབྲེལ་བློན་ཆེན་ཨན་ཐེན་ཝུན་ཞོང་གཉིས་ཀྱིས་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོར་ཧྲིག་ཨར་ནས་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་དངོས་སུ་འདོད་སེལ་བུད་མེད་གནད་དོན་ལ་གྲོས་མོལ་བྱེད་རྒྱུ་རེད།

བསྒྲགས་པ་ལྟར་ན། ད་ལོའི་ཟླ་བཅུ་གཅིག་པའི་ཚེས་གཉིས་ཉིན། ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་དང་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གཉིས་ཀྱིས་གྲོས་མོལ་བྱས་ཏེ། གང་མགྱོགས་ཀྱིས་འདོད་སེལ་བུད་མེད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་རྒྱུའི་གྲོས་ཐག་བཅད་པ་རེད། དེའི་རྗེས་སུ་རྒྱལ་ཁབ་གཉིས་ཀྱིས་ཅུའུ་ཀྲང་རིམ་པའི་གྲོས་ཚོགས་ཐེངས་གཉིས་བསྡུས་ཀྱང་བྱེ་བྲག་གི་གྲུབ་འབྲས་ཅི་ཡང་ཐོབ་མེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

སི་རི་ཡཱའི་དམག་དཔུང་གིས་ངོ་རྒོལ་དྲག་ཆས་པའི་མགོ་བ་བསད།

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གྲོས་བསྡུར་བྱས།

ཕཱ་ཁི་སི་ཐན་གྱི་ཚོང་ར་ཞིག་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།

འཇར་པན་དང་ཨུ་རུ་སི་ཡིས་སང་ལོའི་ལོ་མགོར་པུའུ་ཀྲང་གཞོན་པ་རིམ་པའི་གྲོས་མོལ་སྤེལ་ཏེ་ཨན་པའེ་ཅིན་སན་གྱིས་ཨུ་རུ་སི་ལ་འཚམས་འདྲི་བྱེད་པར་རྨང་འདིང་རྒྱུ་རེད།