ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་དྲ་ཚིགས་སུ་ཚེས་ཉེར་དྲུག་ཉིན་བཀོད་པ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཉེ་སྔོན་ཙུང་ཐུང་བཀའ་རྒྱ་བཀོད་དེ། ཨུ་རུ་སིའི་མཚོ་ཁོངས་སུ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་ཀྱི་བཀོད་འདོམ་པུའུ་ལྔ་བཙུགས།

 ཙུང་ཐུང་གི་བཀའ་རྒྱ་ལྟར་ན། ཁཱ་སི་ཕིས་སི་ཁི་དང་མའོ་ཨར་མན་སི་ཁི། ཁན་ཁྲ་ཅཱ་པུས་ཏི་ལོ་པཱ་ཕུའུ་ལོ་ཧྥུའུ་སི་ཁི། ཞིན་ཧྥེ་ལོ་པའོ་ཨར། སཱ་ཧཱ་ལིན་སི་ཁི་ལྷོ་མ་བཅས་སུ་ཨུ་རུ་སིའི་མཚོ་ཁོངས་ཀྱི་འཇིགས་སྐུལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་ཀྱི་བཀོད་འདོམ་པུའ་འཛུགས་རྒྱུ་ཡིན་པ་དང་། གྲོང་ཁྱེར་དེ་ལྔ་ནས་བཀོད་འདོམ་པུའུ་འཛུགས་པའི་དམིགས་ཡུལ་ནི་རྩ་འཛུགས་ཡོད་པ་དང་འཆར་གཞི་ཡོད་པའི་སྒོ་ནས་རྒྱལ་ཕྲན་མཉམ་འབྲེལ་དང་ས་གནས་ལས་ཁུངས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ཏེ། ཨུ་རུ་སིའི་མཚོ་ཁུངས་ཀྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་ལ་བཀོད་འདོམ་བྱེད་པའི་ཆེད་རེད་ཟེར།

དེ་ལས་གཞན་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ས་གནས་མགོ་ཁྲིད་པ་ནི་ཨུ་རུ་སིའི་མཚོ་ཁོངས་ཀྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་ཀྱི་བཀོད་འདོམ་པུའུ་ཡི་འགན་ཁུར་བ་ཡིན། བཀོད་འདོམ་པུའུ་ཡི་ལས་འགན་གཙོ་བོ་ནི་འཇིགས་སྐུལ་བྱ་འགུལ་ལ་བཀག་འགོག་དང་ས་གནས་ལས་ཁུངས་ཀྱི་འཇིགས་ཉེན་སེལ་བ་དེ་རེད།

ཁཱ་སི་ཕིས་སི་ཁི་ལི་ཧི་རྒྱ་མཚོའི་འགྲམ་བརྒྱུད་དུ་ཡོད་པ་དང་། མའོ་ཨར་མན་སི་ཁི་བྱང་འཁྱག་རོམ་རྒྱ་མཚོའི་འགྲམ་དུ་ཡོད། ཁན་ཁྲ་ཅཱ་པུས་ཏི་ལོ་པཱ་ཕུའུ་ལོ་ཧྥུའུ་སི་ཁི་ཞི་བདེ་རྒྱ་མཚོའི་འགྲམ་དུ་ཡོད། ཞིན་ཧྥེ་ལོ་པའོ་ཨར་མཚོ་ནག་འགྲམ་བརྒྱུད་དུ་ཡོད། སཱ་ཧཱ་ལིན་སི་ཁི་ལྷོ་མ་དེ་སཱ་ཧཱ་ལིན་གླིང་ཕྲན་དུ་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གྲོས་བསྡུར་བྱས།

ཕཱ་ཁི་སི་ཐན་གྱི་ཚོང་ར་ཞིག་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།

འཇར་པན་དང་ཨུ་རུ་སི་ཡིས་སང་ལོའི་ལོ་མགོར་པུའུ་ཀྲང་གཞོན་པ་རིམ་པའི་གྲོས་མོལ་སྤེལ་ཏེ་ཨན་པའེ་ཅིན་སན་གྱིས་ཨུ་རུ་སི་ལ་འཚམས་འདྲི་བྱེད་པར་རྨང་འདིང་རྒྱུ་རེད།

རྒྱ་གར་དང་ཕཱ་ཁི་སི་ཐན་གྱིས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་སྟེ་ཕྱོགས་གཉིས་ཀྱི་གྲོས་མོལ་སླར་གསོ་བྱས།