ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་གསར་འགྱུར་ལས་རིགས་ཀྱིས་ཚེས་ཉེར་དྲུག་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སི་ཡིས་དབྱི་ལིང་ལS-300རྟགས་ཅན་གྱི་མཁའ་སྲུང་འཕུར་མདའི་མ་ལག་ཕྱིར་འཚོང་བྱེད་རྒྱུ་སླར་གསོ་བྱས་ཟེར།

 བསྒྲགས་པ་ལྟར་ན། ཨུ་རུ་སི་དང་དབྱི་ལིང་ཕྱོགས་གཉིས་ཀྱིས་གསར་དུ་བཀོད་པའི་གན་རྒྱ་ལྟར་ན། དབྱི་ལིང་ལS-300རྟགས་ཅན་གྱི་མཁའ་སྲུང་འཕུར་མདའི་མ་ལག་བཞི་ཐོབ་སྲིད་པ་དང་། གན་རྒྱའི་རིན་ཐང་མེ་སྒོར་ཐེར་འབུམ་གཅིག་ལས་བརྒལ་ཡོད་ལ། ཚོད་དཔག་བྱས་ན་སང་ལོའི་ཟླ་དང་པོ་ནས་བཟུང་མཁོ་འདོན་བྱེད་རྒྱུ་རེད་ཟེར།

S-300རྟགས་ཅན་གྱི་མཁའ་སྲུང་འཕུར་མདའི་མ་ལག་ནི་ཨུ་རུ་སིའི་དམག་དཔུང་གི་ཅུང་སྔོན་ཐོན་གྱི་མཁའ་སྲུང་འཕུར་མདའི་མ་ལག་ཅིག་ཡིན་པ་དང་། ཨུ་རུ་སི་ཡིས་ཉིས་སྟོང་བདུན་ལོར་དབྱི་ལིང་བརS-300རྟགས་ཅན་གྱི་མཁའ་སྲུང་འཕུར་མདའི་མ་ལག་ཕྱིར་འཚོང་བྱེད་པའི་གན་རྒྱ་བཀོད་ཀྱང་། ད་ལྟའི་བར་འདོན་སྤྲོད་བྱེད་མ་ཐུབ་པ་རེད།

 ཉིས་སྟོང་བཅུའི་ལོར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་ལྟར། ཨུ་རུ་སི་ཡིས་དབྱི་ལིང་གི་དེང་རབས་ཅན་གྱི་མཚོན་ཆ་ཕྱིར་འཚོང་བྱེད་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས་པ་དང་། འཕུར་མདའི་ཕྱིར་འཚོང་གན་རྒྱ་ཡང་མཚམས་བཞག་པ་རེད། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མོལ་ལ་གྲུབ་འབྲས་ཐོབ་རྗེས། ད་ལོའི་ཟླ་བཞི་བར་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་བཀའ་རྒྱ་བཀོད་དེ། ཨུ་རུ་སི་ཡིས་དབྱི་ལིང་ལS-300རྟགས་ཅན་གྱི་མཁའ་སྲུང་འཕུར་མདའི་མ་ལག་ཕྱིར་འཚོང་བྱེད་པའི་བཀག་སྡོམ་བཀའ་རྒྱ་རྩིས་མེད་དུ་གཏོང་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གྲོས་བསྡུར་བྱས།

ཕཱ་ཁི་སི་ཐན་གྱི་ཚོང་ར་ཞིག་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།

འཇར་པན་དང་ཨུ་རུ་སི་ཡིས་སང་ལོའི་ལོ་མགོར་པུའུ་ཀྲང་གཞོན་པ་རིམ་པའི་གྲོས་མོལ་སྤེལ་ཏེ་ཨན་པའེ་ཅིན་སན་གྱིས་ཨུ་རུ་སི་ལ་འཚམས་འདྲི་བྱེད་པར་རྨང་འདིང་རྒྱུ་རེད།

རྒྱ་གར་དང་ཕཱ་ཁི་སི་ཐན་གྱིས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་སྟེ་ཕྱོགས་གཉིས་ཀྱི་གྲོས་མོལ་སླར་གསོ་བྱས།