ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀེ་ནེ་ཡཱའི་ཙུང་ཐུང་ཁུང་ཏའེ་ཡིས་ཚེས་ཉེར་དྲུག་ཉིན་ཙུང་ཐུང་བཀའ་རྒྱ་བཀོད་དེ། ཡུག་ལཱ་ཀེ་ནེ་ཡཱའི་ཙུང་ལི་གསར་བར་བསྐོ་འཇོག་བྱས་ཏེ། ཉེ་སྔོན་ལས་ཁུར་དགོངས་ཞུ་བྱས་པའི་སྔོན་ཆད་ཀྱི་ཙུང་ལི་ཧྥུའུ་ཧྥ་ནཱའི་ཚབ་ཏུ་ལས་འགན་ཁུར་དུ་བཅུག ད་ལོར་ལོ་ང་བཞི་ཡིན་པའི་ཡུག་ལ་ནི་ཆེ་མཐོང་དཔལ་འབྱོར་རིག་པ་སྨྲ་བ་ཞིག་ཡིན་པ་དང་། སྔོན་ཆད་ཀེ་ནེ་ཡཱའི་ཀྲུང་དབྱང་དངུལ་ཁང་དང་གཏེར་ལས། གློག་ཤུགས། མཚོ་ཐོག་སྐྱེལ་འདྲེན་སོགས་ཀུང་ཟི་མང་བོར་བྱ་བ་བསྒྲུབས་མྱོང་། ཀེ་ནེ་ཡཱའི་སྲིད་གཞུང་གིས་གསལ་སྒྲོག་སྤེལ་ཏེ། སྒེར་གཉེར་སྡེ་ཁག་ལ་རྒྱུས་ལོན་ཡོད་པའི་དཔལ་འབྱོར་རིག་པ་སྨྲ་བ་ཞིག་ཙུང་ལིར་བསྐོ་འཇོག་བྱས་པ་ལས། སྲིད་གཞུང་གསར་བས་དཔལ་འབྱོར་འཕེལ་རྒྱས་གཙོ་བོར་འཛིན་རྒྱུའི་མཚོན་རྟགས་རེད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གྲོས་བསྡུར་བྱས།

ཕཱ་ཁི་སི་ཐན་གྱི་ཚོང་ར་ཞིག་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།

འཇར་པན་དང་ཨུ་རུ་སི་ཡིས་སང་ལོའི་ལོ་མགོར་པུའུ་ཀྲང་གཞོན་པ་རིམ་པའི་གྲོས་མོལ་སྤེལ་ཏེ་ཨན་པའེ་ཅིན་སན་གྱིས་ཨུ་རུ་སི་ལ་འཚམས་འདྲི་བྱེད་པར་རྨང་འདིང་རྒྱུ་རེད།

རྒྱ་གར་དང་ཕཱ་ཁི་སི་ཐན་གྱིས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་སྟེ་ཕྱོགས་གཉིས་ཀྱི་གྲོས་མོལ་སླར་གསོ་བྱས།