ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་ཁང་གིས་ཚེས་ཉེར་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། ཨུ་རུ་སི་དང་སི་རི་ཡཱའི་འཐབ་འཛིང་གནམ་གྲུའི་རོགས་སྐྱོར་འོག སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་འདས་པའི་གཟའ་འཁོར་འགའི་ནང་འཐབ་ཕྱོགས་མང་བོ་ནས་གྲུབ་འབྲས་བླངས་ཡོད་ཟེར།

སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་འདས་པའི་གཟའ་འཁོར་འགའི་ནང་ཨ་ལེ་ཕའོ་ཞིང་ཆེན་ལྷོ་ནུབ་ཕྱོགས་ཀྱི་གྲོང་རྡལ་ཆུང་བ་རེ་ལྔའི་ཚོད་འཛིན་དབང་ཆ་བླངས་པར་མ་ཟད། ཟླ་འདིའི་ཚེས་བཅུ་བདུན་ཉིན་ནས་ཚེས་ཉེར་དྲུག་ཉིན་བར། ཐལ་སྤྱོད་རྩ་འཛུགས་ཀྱི་དམིགས་འབེན་ལྔ་བརྒྱ་དང་དགུ་བཅུར་བར་སྣང་འཇབ་རྒོལ་ཐེངས་བརྒྱ་དང་རེ་བརྒྱད་བྱས་ཟེར། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་མུ་མཐུད་དུ་དམག་དོན་འགུལ་སྐྱོད་སྤེལ་ཏེ། འཇིགས་སྐུལ་རིང་ལུགས་ཚར་གཅོད་བྱས་ཤིང་སི་རི་ཡཱའི་བརྟན་འཇགས་སླར་གསོ་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གྲོས་བསྡུར་བྱས།

ཕཱ་ཁི་སི་ཐན་གྱི་ཚོང་ར་ཞིག་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།

འཇར་པན་དང་ཨུ་རུ་སི་ཡིས་སང་ལོའི་ལོ་མགོར་པུའུ་ཀྲང་གཞོན་པ་རིམ་པའི་གྲོས་མོལ་སྤེལ་ཏེ་ཨན་པའེ་ཅིན་སན་གྱིས་ཨུ་རུ་སི་ལ་འཚམས་འདྲི་བྱེད་པར་རྨང་འདིང་རྒྱུ་རེད།

རྒྱ་གར་དང་ཕཱ་ཁི་སི་ཐན་གྱིས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་སྟེ་ཕྱོགས་གཉིས་ཀྱི་གྲོས་མོལ་སླར་གསོ་བྱས།