ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་གྱི་མའོ་ཏིས་ཀྱིས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། ཁོས་ཉིན་དེའི་ཕྱི་དྲོར་ཨ་ཧྥུའུ་ཧན་དུ་ལོག་པའི་ལམ་བར་ནས་ཕཱ་ཁི་སི་ཐན་ཤར་ཕྱོགས་ཀྱི་གྲོང་ཁྱེར་ལཱ་ཧི་ཨར་ནས་བསྡད་པ་དང་། ཕཱ་ཁི་སི་ཐན་གྱི་ཙུང་ལི་ཞེ་ལི་ཧྥུའུ་དང་གྲོས་མོལ་བྱས། མའོ་ཏིས་ཀྱིས་གསར་འགྱུར་དྲ་རྒྱའི་སྟེང་བཤད་རྒྱུར། ཁོས་ལཱ་ཧི་ཨར་དང་ཞེ་ལི་ཧྥུའུ་གཉིས་ཀྱིས་གྲོས་མོལ་བྱེད་པར་རེ་སྒུག་བྱས་ཡོད་པ་དང་། དེའི་སྔོན་ཁོས་ད་རུང་ཞེ་ལི་ཧྥུའུ་ལ་སྐྱེ་སྐར་གྱི་རྟེན་འབྲེལ་ཞུས་པ་རེད་ཟེར། ཕཱ་ཁི་སི་ཐན་གྱི་ཙུང་ལིའི་བཞུགས་ཁག་གིས་ཉིན་དེར་གནས་ཚུལ་དེར་བདེན་དཔང་བྱས། རྒྱ་གར་དང་ཕཱ་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་མའོ་ཏིས་ཀྱིས་ལས་འགན་ཁུར་རྗེས་ཛ་དྲག་ཏུ་གྱུར་བ་དང་། རྒྱ་གར་གྱིས་ན་ནིང་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་དྲུང་ཡིག་རིམ་པའི་གྲོས་མོལ་མཚམས་བཞག ཉེ་སྔོན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་ལེགས་སུ་གཏོང་བའི་སྣང་ཚུལ་ཡོད་པ་དང་། རྒྱ་གར་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ཟླ་འདིའི་ཟླ་མགོར་ཕཱ་ཁི་སི་ཐན་ལ་འཚམས་འདྲི་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གྲོས་བསྡུར་བྱས།

ཕཱ་ཁི་སི་ཐན་གྱི་ཚོང་ར་ཞིག་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།

འཇར་པན་དང་ཨུ་རུ་སི་ཡིས་སང་ལོའི་ལོ་མགོར་པུའུ་ཀྲང་གཞོན་པ་རིམ་པའི་གྲོས་མོལ་སྤེལ་ཏེ་ཨན་པའེ་ཅིན་སན་གྱིས་ཨུ་རུ་སི་ལ་འཚམས་འདྲི་བྱེད་པར་རྨང་འདིང་རྒྱུ་རེད།

རྒྱ་གར་དང་ཕཱ་ཁི་སི་ཐན་གྱིས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་སྟེ་ཕྱོགས་གཉིས་ཀྱི་གྲོས་མོལ་སླར་གསོ་བྱས།