ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་བྱང་ཕྱོགས་ཀྱི་སཱ་མན་ཀན་ཞིང་ཆེན་གྱི་འགྲིམ་འགྲུལ་ཉེན་རྟོག་གི་འགན་ཁུར་བ་ཕན་ཅེ་ཞི་ལི་ཡིས་ཚེས་ཉེར་བཞིའི་ཉིན་གྱི་དགོང་མོར་གསར་འགོད་པར་བཤད་རྒྱུར། ཉིན་དེའི་ཕྱི་དྲོར་འགྲུལ་སྐྱེལ་རླངས་འཁོར་ཆེ་བ་ཞིག་ཞིང་ཆེན་དེའི་མྱུར་བགྲོད་གཞུང་ལམ་སྟེང་ནས་སྣུམ་འདྲུད་རླངས་འཁོར་ཞིག་དང་ཐོབ་བརྒྱབ་སྟེ། ཉུང་མཐར་ཡང་མི་ཉེར་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་གཅིག་ལ་རྨས་ཕོག་ཟེར།

དོན་རྐྱེན་དེ་ཕྱི་དྲོའི་དུས་ཚོད་ལྔ་ཡས་མས་སུ་བྱུང་བ་དང་། སྐབས་ཐོག་དེར་འགྲུལ་སྐྱེལ་རླངས་འཁོར་ཆེ་བ་དེ་ཨ་ཧྥུའུ་ཧན་བྱང་ཕྱོགས་ཀྱི་མཱ་ཀྲ་ལི་ཧྲ་ལི་ཧྥུའུ་གྲོང་ཁྱེར་དང་རྒྱལ་ས་ཁཱ་པོར་སྦྲེལ་བའི་གཞུང་ལམ་སྟེང་བགྲོད་བཞིན་ཡོད་པ་རེད། རྒུད་སྐྱོབ་རུ་ཁག་དེའི་རྗེས་སུ་དོན་རྐྱེན་བྱུང་སར་འབྱོར་ནས་རྒུད་སྐྱོབ་བྱས་པ་དང་། རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་མྱུར་སྐྱོབ་བྱས།

ས་དེའི་ཉེན་རྟོག་དཔོན་པོ་ལཱ་ཞི་མུས་ཀྱིས་བཤད་རྒྱུར། འགྲུལ་སྐྱེལ་རླངས་འཁོར་ཆེ་བའི་ནང་རྨས་མ་མང་བའི་དབང་གིས་ཤི་བོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲོད། མིག་སྔར་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད་པ་དང་། ཉེན་རྟོག་ཕྱོགས་ཀྱིས་མི་འགྱངས་པར་རྟོག་ཞིབ་མཇུག་འབྲས་ཀུན་ལ་ཁྱབ་སྒྲོག་བྱེད་རྒྱུ་རེད།

ཨ་ཧྥུའུ་ཧན་ཉེན་རྟོག་ཕྱོགས་ཀྱི་མི་སྣས་དེའི་སྔོན་བསྟན་དོན། འགྲུལ་སྐྱེལ་རླངས་འཁོར་ཆེ་བ་དང་སྣུམ་འདྲུད་རླངས་འཁོར་ཐོ་བརྒྱབ་པ་ལས་ཉུང་མཐར་ཡང་མི་ལྔ་བཅུ་རྐྱེན་ལམ་དུ་ཤོར་ཡོད་ཟེར།

ཨ་ཧྥུའུ་ཧན་གྱི་ས་དེའི་དཔོན་རིགས་ཤིག་གིས་བཤད་རྒྱུར། དོན་རྐྱེན་དེའི་འབྱུང་རྐྱེན་ནི་འགྲུལ་སྐྱེལ་རླངས་འཁོར་ཆེ་བའི་ཁ་ལོ་བས་ལུགས་དང་མི་མཐུན་པར་ཁ་ལོ་བསྒྱུར་བ་དང་ཐེག་ཚད་ལས་བརྒལ་བའི་དབང་གིས་ཡིན་སྲིད་ལ། དེ་ལས་གཞན་ལམ་མི་བདེ་བའང་དོན་རྐྱེན་དེའི་འབྱུང་རྐྱེན་ཞིག་ཡིན་སྲིད་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གྲོས་བསྡུར་བྱས།

ཕཱ་ཁི་སི་ཐན་གྱི་ཚོང་ར་ཞིག་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།

འཇར་པན་དང་ཨུ་རུ་སི་ཡིས་སང་ལོའི་ལོ་མགོར་པུའུ་ཀྲང་གཞོན་པ་རིམ་པའི་གྲོས་མོལ་སྤེལ་ཏེ་ཨན་པའེ་ཅིན་སན་གྱིས་ཨུ་རུ་སི་ལ་འཚམས་འདྲི་བྱེད་པར་རྨང་འདིང་རྒྱུ་རེད།

རྒྱ་གར་དང་ཕཱ་ཁི་སི་ཐན་གྱིས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་སྟེ་ཕྱོགས་གཉིས་ཀྱི་གྲོས་མོལ་སླར་གསོ་བྱས།