ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་ཁང་གིས་ཚེས་ཉེར་བཞིའི་ཉིན་པེ་རུ་ཐི་ནས་སྤེལ་བའི་སྙན་ཞུ་ལས་བཤད་རྒྱུར། ཐག་གཅོད་མ་ཐོབ་པར་ཡུན་རིང་འགོར་བའི་སི་རི་ཡཱའི་ཡུལ་གྱར་བའི་ཉམས་ཉེན་ལས་ལེ་པཱ་ནུན་དུ་ཡོད་པའི་སི་རི་ཡཱའི་ཡུལ་གྱར་བའི་གནས་བབ་ཉིན་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ཟེར།

སྙན་ཞུ་ལས་བཤད་རྒྱུར། རྒྱལ་སྤྱིའི་སྤྱི་ཚོགས་དང་ཨ་རབ་རྒྱལ་ཁབ་ཀྱི་རོགས་སྐྱོར་ལྡབ་འགྱུར་གྱིས་ཇེ་ཉུང་དུ་སོང་བ་དང་། ལོ་མང་བོ་འགོར་བའི་སི་རི་ཡཱའི་ཡུལ་གྱར་བའི་ཉམས་ཉེན་རྒྱུན་ཆད་མེད་པར་ཛ་དྲག་ཏུ་གྱུར་བས། ལེ་པཱ་ནུན་དུ་འཚོ་བ་རོལ་བའི་སི་རི་ཡཱའི་ཡུལ་གྱར་བའི་གནས་བབ་ཧ་ཅང་སྡུག་པ་དང་། ལེ་པཱ་ནུན་གྱི་ཆབ་སྲིད་དང་དཔལ་འབྱོར། བདེ་འཇགས་བཅས་ཀྱི་གནས་བབ་ཀྱང་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ཟེར།

སྙན་ཞུ་ལས་བཤད་རྒྱུར། ལེ་པཱ་ནུན་དུ་ཡོད་པའི་སི་རི་ཡཱའི་ཡུལ་གྱར་བའི་ཁྲོད་བརྒྱ་ཆའི་བདུན་ཅུ་ལྷག་གིས་དབུལ་ཕོངས་ཀྱི་འཚོ་བ་རོལ་བཞིན་ཡོད་པ་དང་། ཉིན་རེར་མི་རེར་མེ་སྒོར་བཞི་ཡང་མེད། བརྒྱ་ཆའི་དགུ་བཅུའི་སི་རི་ཡཱའི་ཡུལ་གྱར་བས་དོམ་བྱས་ཏེ་འཚོ་བ་རོལ་བཞིན་ཡོད། སུམ་ཆའི་གཉིས་ཀྱི་ཡུལ་གྱར་བའི་བྱིས་པའི་ཉིན་རེའི་ཟས་ཐུན་གསུམ་པོར་ཁག་ཐེག་མེད་པ་དང་། ལོ་དྲུག་ནས་བཅུ་བཞིའི་བར་གྱི་ཡུལ་གྱར་བའི་བྱིས་པའི་ཁྲོད་བརྒྱ་ཆའི་ལྔ་བཅུ་མ་གཏོགས་སློབ་གྲྭར་ཞུགས་ཐུབ་མེད་ལ། བྱིས་པ་མི་ཉུང་བ་ཞིག་གིས་ཁྲིམས་འགལ་གྱིས་ཞོར་ལས་མི་བྱེད་ཐབས་མེད་དུ་གྱུར་ཡོད་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གྲོས་བསྡུར་བྱས།

ཕཱ་ཁི་སི་ཐན་གྱི་ཚོང་ར་ཞིག་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།

འཇར་པན་དང་ཨུ་རུ་སི་ཡིས་སང་ལོའི་ལོ་མགོར་པུའུ་ཀྲང་གཞོན་པ་རིམ་པའི་གྲོས་མོལ་སྤེལ་ཏེ་ཨན་པའེ་ཅིན་སན་གྱིས་ཨུ་རུ་སི་ལ་འཚམས་འདྲི་བྱེད་པར་རྨང་འདིང་རྒྱུ་རེད།

རྒྱ་གར་དང་ཕཱ་ཁི་སི་ཐན་གྱིས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་སྟེ་ཕྱོགས་གཉིས་ཀྱི་གྲོས་མོལ་སླར་གསོ་བྱས།