ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་རྒྱ་གར་གྱི་ཙུང་ལི་མའོ་ཏིས་གཉིས་ཀྱིས་ཚེས་ཉེར་བཞིའི་ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། དམག་དོན་ལག་རྩལ་མཉམ་ལས་ནི་རྒྱལ་ཁབ་གཉིས་ཀྱིས་ཀུན་ཕན་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཟེར། ཕྱོགས་གཉིས་ཀྱིས་ཉིན་དེར་གྲོས་མོལ་བྱས་རྗེས་ཕན་ཚུན་ཡིད་ཆེས་བྱེད་པ་མངོན་འགྱུར་བྱས་ཏེ་མཉམ་ལས་གསར་བར་ཁ་ཕྱོགས་ཞེས་པའི་མཉམ་འབྲེལ་གསལ་སྒྲོག་སྤེལ།

ཕུའུ་ཅིན་གྱིས་གྲོས་མོལ་བྱས་རྗེས་ཀྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཨུ་རུ་སི་དང་རྒྱ་གར་གྱི་དམག་དོན་ལག་རྩལ་མཉམ་ལས་གནད་དོན་དམིགས་སུ་བཀར་ནས་གླེང་བ་དང་། ཨུ་རུ་སི་དང་རྒྱ་གར་གྱིས་མཉམ་འབྲེལ་སྒོས་པུའུ་ལཱ་མའོ་སི་འཕུར་མདའ་བཟོ་སྐྲུན་བྱེད་པ་ནི་རྒྱལ་ཁབ་གཉིས་ཀྱི་དམག་དོན་ལག་རྩལ་མཉམ་ལས་ཀྱི་ཚད་ལྡན་རྣམ་པ་ཡིན་ཞིང་། ཨུ་རུ་སི་ཡིས་རྒྱ་གར་གྱི་ཆེད་དུ་ཆུ་འཛུལ་གྲུ་གཟིངས་ལ་རྒོལ་བའི་འཕུར་མདའ་མང་བོ་ཐོན་སྐྱེད་བྱེད་རྒྱུ་ཡིན་པ་དང་། ཕྱོགས་གཉིས་ཀྱིས་མི་འགྱངས་པར་བྱེད་ནུས་མང་བའི་འགས་གཏོར་གནམ་གྲུ་དང་སྤྱོད་སྒོ་ཆེ་བའི་སྐྱེལ་འདྲེན་གནམ་གྲུའི་ཇུས་འགོད་འཆར་ཟིན་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར། ཕུའུ་ཅིན་གྱིས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་གཅིག་གྱུས་སྒོས་བལྟས་ན། རྒྱལ་ཁབ་གཉིས་ཀྱིས་དུས་བཅད་ལྟར་ཡུན་ཏི་ལཱ་མཚོ་སྐམ་མཁའ་གསུམ་གྱི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་བར་གལ་འགངས་ཧ་ཅང་ཆེ་ཟེར།

ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སི་ཡིས་རྒྱ་གར་ལ་རོགས་རམ་བྱས་ཏེ་ཁུའུ་ཏན་ཁུའུ་ལཱ་མུའུ་ཉིང་རྡུལ་གློག་འདོན་ས་ཚིགས་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་། དེའི་ནང་འཕྲུལ་འཁོར་མ་ལག་དང་པོ་ཉིས་སྟོང་བཅུ་བཞི་ལོའི་ཟླ་དྲུག་པར་ཚོང་གཉེར་ཐད་བཀོལ་བ་དང་། འཕྲུལ་འཁོར་མ་ལག་གཉིས་པ་གཟའ་འཁོར་འགའི་ནང་ཡོངས་འགྲུབ་བྱེད་རྒྱུ་ཡིན། འཕྲུལ་འཁོར་མ་ལག་གསུམ་པ་དང་བཞི་བ་ཉིས་སྟོང་བཅུ་དྲུག་ལོར་ལས་མགོ་རྩོམ་རྒྱུ་ཡིན་ལ། ཉིས་སྟོང་ཉི་ཤུ་ལོ་ནས་ཉིས་སྟོང་ཉེར་གཅིག་ལོའི་བར་ཡོངས་འགྲུབ་བྱེད་རྒྱུ་ཡིན། འཕྲུལ་འཁོར་མ་ལག་ལྔ་བ་དང་དྲུག་པར་ད་རུང་གྲོས་མོལ་བྱེད་བཞིན་པའི་སྒང་ཡིན་ཟེར།

ཕུའུ་ཅིན་གྱིས་ཉིན་དེར་མའོ་ཏིས་དང་གྲོས་མོལ་བྱེད་སྐབས་བསྟན་དོན། ཨུ་རུ་སི་དང་རྒྱ་གར་གཡིས་ཕྱོགས་ཡོངས་ནས་ཀུན་ཕན་འཐབ་ཇུས་གྲོགས་པོའི་འབྲལེ་བ་འཕེལ་རྒྱས་སུ་གཏོང་རྒྱུ་ཡིན་པ་དང་། ཆབ་སྲིད་གནད་དོན་དང་དཔལ་འབྱོར་སོགས་ཕྱོགས་སོ་སོ་ནས་མཉམ་ལས་བྱེད་རྒྱུ་ཡིན་ཟེར།

མའོ་ཏིས་ཀྱིས་གསར་འགྱུར་ལས་རིགས་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཐེངས་འདིའི་མའོ་སི་ཁིའི་འགྲུལ་བཞུད་ཀྱི་དུས་ཡུན་ཐུང་ཡང་གྲུབ་འབྲས་ཕུན་སུམ་ཚོགས་པ་ཐོབ་ཡོད་ཟེར། ཁོས་བཤད་རྒྱུར། རྒྱ་གར་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཁྱབ་ཁོངས་ནས་མཉམ་ལས་བྱེད་བཞིན་ཡོད་ཟེར།

མའོ་ཏིས་ཚེས་ཉེར་གསུམ་ཉིན་མའོ་སི་ཁི་རུ་འབྱོར་ནས་ཨུ་རུ་སི་ལ་དུས་ཡུན་ཉིན་གཉིས་རིང་གི་འཚམས་འདྲི་བྱེད་མགོ་བརྩམས་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གྲོས་བསྡུར་བྱས།

ཕཱ་ཁི་སི་ཐན་གྱི་ཚོང་ར་ཞིག་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།

འཇར་པན་དང་ཨུ་རུ་སི་ཡིས་སང་ལོའི་ལོ་མགོར་པུའུ་ཀྲང་གཞོན་པ་རིམ་པའི་གྲོས་མོལ་སྤེལ་ཏེ་ཨན་པའེ་ཅིན་སན་གྱིས་ཨུ་རུ་སི་ལ་འཚམས་འདྲི་བྱེད་པར་རྨང་འདིང་རྒྱུ་རེད།

རྒྱ་གར་དང་ཕཱ་ཁི་སི་ཐན་གྱིས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་སྟེ་ཕྱོགས་གཉིས་ཀྱི་གྲོས་མོལ་སླར་གསོ་བྱས།