ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མའོ་ཞི་ཁོ་ཤར་ལྷོའི་ཕྱོགས་ཀྱི་ཝེ་ལཱ་ཁི་ལུའུ་སི་ཀྲིག་ཏུ་ཚེས་ཉེར་གསུམ་ཉིན་གྱི་ཞོགས་པར་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་དྲུག་ལ་རྨས་ཕོག

རླངས་འཁོར་ཆག་སྒོ་དེ་ཞོགས་པའི་དུས་ཚོད་ལྔ་དང་སྐར་མ་ལྔ་བཅུའི་ཡས་མས་སུ་བྱུང་བ་དང་། འགྲུལ་བ་བཞི་བཅུ་དྲུད་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་ཝེ་ལཱ་ཁི་ལུའུ་སི་ཀྲིག་དང་ཐཱ་པཱ་སི་ཁི་ཀྲིག་གི་མྱུར་བགྲོད་གཞུང་ལམ་ཞིག་དུ་བགྲོད་སྐབས་ལམ་འགྲམ་གྱི་ལན་ཀན་ལ་ཐོ་བརྒྱབ་པ་རེད།

ས་དེའི་འགྲིམ་འགྲུལ་ཉེན་རྟོག་པས་བཤད་རྒྱུར། དེ་ནི་ཕུའུ་ཨེ་པུའུ་ལཱ་ཀྲིག་ནས་ཆཱ་ཕཱ་སི་ཀྲིག་ཏུ་བསྐྱོད་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་ཡིན་པ་དང་། སྒེར་གཉེར་གནས་སྐོར་ཁང་ཞིག་ལ་དབང་ཆེར། ཉེན་རྟོག་པས་དོན་རྐྱེན་དེའི་འབྱུང་རྐྱེན་ནི་འགྲུལ་སྐྱེལ་རླངས་འཁོར་དེ་མྱུར་ཚད་ལས་བརྒལ་བའི་དབང་གིས་ཡིན་པར་དོགས་པ་ཟ་བཞིན་ཡོད།

དོན་རྐྱེན་བྱུང་རྗེས་ས་དེའི་འགྲིམ་འགྲུལ་དོ་དམ་སྡེ་ཁག་དང་རྒྱ་གྲམ་དམར་པོ་ཚོགས་པའི་མི་སྣ་མྱུར་མོར་དོན་རྐྱེན་བྱུང་སར་འབྱོར་ཏེ། དོན་རྐྱེན་བྱུང་སའི་ལམ་ལ་གནས་སྐབས་བཀག་སྡོམ་བྱས་ཏེ་རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་མྱུར་སྐྱོབ་བྱས།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གྲོས་བསྡུར་བྱས།

ཕཱ་ཁི་སི་ཐན་གྱི་ཚོང་ར་ཞིག་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།

འཇར་པན་དང་ཨུ་རུ་སི་ཡིས་སང་ལོའི་ལོ་མགོར་པུའུ་ཀྲང་གཞོན་པ་རིམ་པའི་གྲོས་མོལ་སྤེལ་ཏེ་ཨན་པའེ་ཅིན་སན་གྱིས་ཨུ་རུ་སི་ལ་འཚམས་འདྲི་བྱེད་པར་རྨང་འདིང་རྒྱུ་རེད།

རྒྱ་གར་དང་ཕཱ་ཁི་སི་ཐན་གྱིས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་སྟེ་ཕྱོགས་གཉིས་ཀྱི་གྲོས་མོལ་སླར་གསོ་བྱས།