ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཁི་ནཱ་ཧྲིན་ཁི་ཧྥུའུ་ཡིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། ཨུ་རུ་སིའི་འཐབ་འཛིང་གནམ་གྲུས་ཉེ་སྔོན་སི་རི་ཡཱའི་མངའ་ཁོངས་ཀྱི་འཇིགས་སྐུལ་ཉེས་ཅན་གྱི་རྡོ་སྣུམ་གསོག་འཇོག་བྱེད་སའི་རྟེན་གཞི་གཉིས་དང་སྦྱོང་བརྡར་བྱེད་སའི་དམག་སྒར་ཞིག་ལ་འགས་གཏོར་བཏང་ཟེར།

ཁི་ནཱ་ཧྲིན་ཁི་ཧྥུའུ་ཡིས་ཉིན་དེར་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཨུ་རུ་སིའི་མཁའ་དམག་གི་སུའུ-34རྟགས་ཅན་གྱི་འགས་གཏོར་གནམ་གྲུས་ཚེས་ཉེར་གཉིས་ཉིན་སི་རི་ཡཱའི་ཏའེ་ཨར་ཙུའུ་ཨར་ས་ཁུལ་ནས་འཇིགས་སྐུལ་ཉེས་ཅན་གྱི་རྡོ་སྣུམ་གསོག་འཇོག་བྱེད་སའི་རྟེན་གཞི་གཉིས་དང་རྡོ་སྣུམ་སྔོག་འདོན་བྱེད་པའི་སྒྲིག་ཆས་གསུམ་ལ་འགས་གཏོར་བཏང་། ཨུ་རུ་སིའི་འཐབ་འཛིང་གནམ་གྲུས་མུ་མཐུད་དུ་སི་རི་ཡཱའི་མངའ་ཁོངས་ཀྱི་འཇིགས་སྐུལ་ཉེས་ཅན་གྱི་རྡོ་སྣུམ་སྒྲིག་ཆས་ལ་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར།

ཁི་ནཱ་ཧྲིན་ཁི་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སིའི་འཐབ་འཛིང་གནམ་གྲུས་ཚེས་ཉེར་གཉིས་ཉིན་ད་རུང་སི་རི་ཡཱའི་དབྱི་ཏི་ལེ་པུའུ་ཞིང་ཆེན་དུ་ཡོད་པའི་འཇིགས་སྐུལ་ཉེས་ཅན་གྱི་སྦྱོང་བརྡར་བྱེད་སའི་དམག་སྒར་ཞིག་ལ་འགས་གཏོར་བཏང་བ་དང་། སྦྱོང་བརྡར་སྒར་ས་དེའི་འབྲེལ་ཡོད་གསང་འཕྲིན་ནི་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གིས་འདོན་སྤྲོད་བྱས་པ་ཡིན་ལ། ཐབས་ལམ་མང་བོ་བརྒྱུད་དེ་བདེན་དཔང་ཐོབ་ཡོད་ཟེར།

ཁི་ནཱ་ཧྲིན་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སིའི་འཐབ་འཛིང་གནམ་གྲུས་ཉིན་ལྔའི་ནང་འཕུར་སྐྱོད་ཐེངས་སུམ་བརྒྱ་ལྷག་བྱས་ཏེ། སི་རི་ཡཱའི་ཨ་ལེ་ཕའོ་དང་དབྱེ་ཏི་ལེ་པུའུ། ཏའེ་ཨར་ཙུའུ་ཨར། ཧཱ་མཱ། ཧའོ་མུའུ་སི་སོགས་ས་ཁུལ་གྱི་དམིགས་འབེན་སྟོང་གཅིག་དང་གོ་གསུམ་ལྷག་ལ་ཆམ་ཕབ་བཏང་བ་རེད་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གྲོས་བསྡུར་བྱས།

ཕཱ་ཁི་སི་ཐན་གྱི་ཚོང་ར་ཞིག་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།

འཇར་པན་དང་ཨུ་རུ་སི་ཡིས་སང་ལོའི་ལོ་མགོར་པུའུ་ཀྲང་གཞོན་པ་རིམ་པའི་གྲོས་མོལ་སྤེལ་ཏེ་ཨན་པའེ་ཅིན་སན་གྱིས་ཨུ་རུ་སི་ལ་འཚམས་འདྲི་བྱེད་པར་རྨང་འདིང་རྒྱུ་རེད།

རྒྱ་གར་དང་ཕཱ་ཁི་སི་ཐན་གྱིས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་སྟེ་ཕྱོགས་གཉིས་ཀྱི་གྲོས་མོལ་སླར་གསོ་བྱས།