ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་ཉེར་གསུམ་ཉིན་གྲོས་ཆོད་བཀོད་དེ། ལི་པུ་ཡཱའི་ཕྱོགས་ཁག་སོ་སོས་ཉེ་སྔོན་ལི་པུ་ཡཱའི་ཆབ་སྲིད་གྲོས་མཐུན་བཀོད་པར་དགའ་བསུ་ཞུས་པ་དང་། ལི་པུ་ཡཱ་ཡིས་གྲོས་མཐུན་ལྟར་དུ་ཉིན་སུམ་ཅུའི་ནང་མི་རིགས་མཐུན་སྒྲིལ་སྲིད་གཞུང་འཛུགས་དགོས་པའི་སྐུལ་མ་བཏང་།

གྲོས་ཆོད་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཟླ་བཅུ་གཉིས་པའི་ཚེས་བཅུ་བདུན་ཉིན་མའོ་ལོ་ཀི་ནས་བཀོད་པའི་ལི་པུ་ཡཱའི་ཆབ་སྲིད་གྲོས་མཐུན་ལ་དགའ་བསུ་བྱེད་བཞིན་ཡོད་པ་དང་། ལི་པུ་ཡཱ་ཡིས་ཙུང་ལི་ཨུ་ཡོན་ལྷན་ཁང་བཙུགས་པར་དགའ་བསུ་བྱེད་བཞིན་ཡོད་ལ། ལི་པུ་ཡཱའི་ཕྱོགས་ཁག་སོ་སོས་གྲོས་མཐུན་ལྟར་དུ་ཉིན་སུམ་ཅུའི་ནང་མི་རིགས་མཐུན་སྒྲིལ་སྲིད་གཞུང་འཛུགས་དགོས་པའི་སྐུལ་མ་བཏང་།

གྲོས་ཆོད་ལས་ནན་གྱིས་བསྟན་དོན། ལི་པུ་ཡཱ་ལ་རྒྱལ་ས་ཏི་ལེ་པའོ་ལི་རུ་བཙུགས་པའི་མི་རིགས་མཐུན་སྒྲིལ་གྱི་སྲིད་གཞུང་ཞིག་དགོས་གལ་ཧ་ཅང་ཆེ་ཟེར། གྲོས་ཆོད་ལས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་དང་ཁྱད་པར་དུ་ས་ཁུལ་དེའི་རྒྱལ་ཁབ་དག་གིས་ཁྲིམས་མཐུན་དབང་འཛིན་ལས་ཁུངས་སུ་བཤད་ཀྱང་ལི་པུ་ཡཱའི་ཆབ་སྲིད་གྲོས་མཐུན་གྱི་ཁྱབ་ཁོངས་སུ་མེད་པའི་ལས་ཁུངས་ལ་རྒྱབ་སྐྱོར་དང་དཔོན་རིགས་རིམ་པར་འབྲེལ་འདྲིས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བཏང་།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གྲོས་བསྡུར་བྱས།

ཕཱ་ཁི་སི་ཐན་གྱི་ཚོང་ར་ཞིག་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།

འཇར་པན་དང་ཨུ་རུ་སི་ཡིས་སང་ལོའི་ལོ་མགོར་པུའུ་ཀྲང་གཞོན་པ་རིམ་པའི་གྲོས་མོལ་སྤེལ་ཏེ་ཨན་པའེ་ཅིན་སན་གྱིས་ཨུ་རུ་སི་ལ་འཚམས་འདྲི་བྱེད་པར་རྨང་འདིང་རྒྱུ་རེད།

རྒྱ་གར་དང་ཕཱ་ཁི་སི་ཐན་གྱིས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་སྟེ་ཕྱོགས་གཉིས་ཀྱི་གྲོས་མོལ་སླར་གསོ་བྱས།