ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀི་ལུའུ་ཅི་ཡཱའི་ཙུང་ལི་ཅཱ་ལི་པཱ་ཧྲི་ཝེ་ལེ་ཡིས་ཚེས་ཉེར་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། ཙུང་ལིའི་ལས་འགན་བསྐྱུར་རྒྱུ་ཁྱབ་སྒྲོག་བྱས།

ཅཱ་ལི་པཱ་ཧྲི་ཝེ་ལེ་ཡིས་ཉིན་དེར་བརྙན་འཕྲིན་ཐད་གཏོང་ལེ་ཚན་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། པུའུ་ཀྲང་དང་ཙུང་ལི་གང་ཡིན་ཡང་ཚང་མ་རྒྱལ་ཁབ་ལ་ཞབས་འདེགས་ཞུ་བའི་ཆེད་ཡིན། ལས་འགན་གང་ཞིག་ཡིན་རུང་གནས་སྐབས་ཙམ་ཡིན་ལ། མེས་རྒྱལ་ནི་ད་གཟོད་དུས་གཏན་དུ་འགྱུར་མེད་ཡིན། མི་སུ་ཡིན་ཡང་རང་དབང་གིས་གདམ་གསེས་བྱེད་པའི་དབང་ཆ་ཡོད། དེ་བས་ངས་དེ་རིང་ཙུང་ལིའི་ལས་འགན་བསྐྱུར་རྒྱུ་ཁྱབ་སྒྲོག་བྱས་པ་ཡིན་ཟེར།

ཅཱ་ལི་པཱ་ཧྲི་ཝེ་ལེ་ཡིས་གསལ་སྒྲོག་ནང་ལས་ཁུར་དགོངས་ཞུ་བྱེད་པའི་རྒྱུ་རྐྱེན་གསལ་བོར་གླེང་མེད།

ཀི་ལུའུ་ཅི་ཡཱའི་རྩ་ཁྲིམས་གཏན་འཁེལ་ལྟར་ན། ཅཱ་ལི་པཱ་ཧྲི་ཝེ་ལེ་ཡིས་ལས་ཁུར་དགོངས་ཞུ་བྱས་རྗེས། སྲིད་འཛིན་པའི་ཀི་ལུའུ་ཅི་ཡཱའི་འདོད་འདུན་ཞེས་པའི་མནའ་འབྲེལ་གྱིས་ངེས་པར་དུ་ཉིན་བདུན་ནང་ཙུང་ལིའི་འདེམ་སྒུག་མི་སྣ་གསར་བའི་མིང་འདོན་དགོས་པ་དང་། རྩ་འཛུགས་བྱས་པའི་ནེ་ཀི་གསར་བར་གྲོས་ཁང་གིས་ཡིད་རྟོན་འདེམ་ཤོག་འཕེན་དགོས་པ་རེད།

ཅཱ་ལི་པཱ་ཧྲི་ཝེ་ལེ་ཡིས་ཉིས་སྟོང་བཅུ་གསུམ་ལོའི་ཟླ་བཅུ་གཅིག་པར་ཀི་ལུའུ་ཅི་ཡཱའི་ཙུང་ལིའི་འགན་ཁུར་བ་རེད། དེའི་སྔོན་ཀི་ལུའུ་ཅི་ཡཱའི་ནང་སྲིད་པུའུ་ཀྲང་གི་འགན་ཁུར་མྱོང་།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གྲོས་བསྡུར་བྱས།

ཕཱ་ཁི་སི་ཐན་གྱི་ཚོང་ར་ཞིག་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།

འཇར་པན་དང་ཨུ་རུ་སི་ཡིས་སང་ལོའི་ལོ་མགོར་པུའུ་ཀྲང་གཞོན་པ་རིམ་པའི་གྲོས་མོལ་སྤེལ་ཏེ་ཨན་པའེ་ཅིན་སན་གྱིས་ཨུ་རུ་སི་ལ་འཚམས་འདྲི་བྱེད་པར་རྨང་འདིང་རྒྱུ་རེད།

རྒྱ་གར་དང་ཕཱ་ཁི་སི་ཐན་གྱིས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་སྟེ་ཕྱོགས་གཉིས་ཀྱི་གྲོས་མོལ་སླར་གསོ་བྱས།