ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་བདེ་འཇགས་དམག་དཔུང་གི་དཔོན་རིགས་ཤིག་གིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། བདེ་འཇགས་དམག་དཔུང་གི་གནམ་གྲུ་ཞིག་ཉིན་དེའི་སྔ་དྲོར་རྒྱལ་ས་དྷི་ལེ་གསར་བ་ནས་སར་ལྷུང་སྟེ། གནམ་གྲུའི་སྟེང་གི་མི་བཅུ་བོ་ཚང་མ་རྐྱེན་ལམ་དུ་ཤོར་ཟེར།

གནམ་གྲུ་དེ་ནི་དྷི་ལེ་གསར་བའི་ཕཱ་ལཱ་མུའུ་དམག་བཀོལ་གནམ་གྲུ་ཐང་ནས་འཕུར་རྗེས་ཤར་ཕྱོགས་ཀྱི་ཆཱ་ཨར་ཁུན་ཏི་པང་དུ་འགྲོ་རྩིས་རེད། སྐར་མ་འགའ་འགོར་རྗེས་དྷི་ལེ་གསར་བའི་ལྷོ་ནུབ་ཕྱོགས་ཀྱི་མེ་འཁོར་ས་ཚིགས་ཤིག་གི་ཉེ་འདབས་ནས་སར་ལྷུང་སྟེ། གནམ་གྲུའི་སྟེང་གི་བདེ་འཇགས་དམག་དཔུང་གི་དམག་དཔོན་གསུམ་དང་གནམ་གྲུའི་སྟེང་གི་ལས་བྱེད་མི་སྣ་བདུན་པོ་ཚང་མ་རྐྱེན་ལམ་དུ་ཤོར།

ས་དེའི་བརྙན་འཕྲིན་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། གནམ་གྲུ་དེ་སྡོད་ཁུལ་ཞིག་ཏུ་ལྷུང་བ་དང་། གནམ་གྲུར་གཏོར་བརླག་ཚབས་ཆེན་ཐེབས་ཡོད།

གནམ་གྲུ་སར་ལྷུང་བའི་རྒྱུ་རྐྱེན་མིག་སྔར་ད་རུང་གསལ་བོར་མི་ཤེས། རྒྱ་གར་ནང་སྲིད་པུའུ་ཡི་པུའུ་ཀྲང་ཞི་ཀི་དོན་རྐྱེན་བྱུང་སར་འབྱོར་ནས་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཏུ་བྱེད་བཞིན་ཡོད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གྲོས་བསྡུར་བྱས།

ཕཱ་ཁི་སི་ཐན་གྱི་ཚོང་ར་ཞིག་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།

འཇར་པན་དང་ཨུ་རུ་སི་ཡིས་སང་ལོའི་ལོ་མགོར་པུའུ་ཀྲང་གཞོན་པ་རིམ་པའི་གྲོས་མོལ་སྤེལ་ཏེ་ཨན་པའེ་ཅིན་སན་གྱིས་ཨུ་རུ་སི་ལ་འཚམས་འདྲི་བྱེད་པར་རྨང་འདིང་རྒྱུ་རེད།

རྒྱ་གར་དང་ཕཱ་ཁི་སི་ཐན་གྱིས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་སྟེ་ཕྱོགས་གཉིས་ཀྱི་གྲོས་མོལ་སླར་གསོ་བྱས།