ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་དུ་འཚམས་འདྲི་བྱེད་བཞིན་པའི་དབྱི་ཐཱ་ལེའི་ཙུང་ལི་ལོན་ཆི་ཡིས་ཚེས་ཉེར་གཉིས་ཉིན་པེ་རུ་ཐི་ནས་རྩ་བའི་སྟེང་ནས་སི་རི་ཡཱའི་ཡུལ་གྱར་བའི་ཉམས་ཉེན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ལོན་ཆི་ཡིས་ཉིན་དེར་ལེ་པཱ་ནུན་གྱི་ཙུང་ལི་སཱ་ལཱ་མུའུ་དང་གྲོས་མོལ་བྱས། གྲོས་མོལ་བྱས་རྗེས་བསྡུས་པའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ལོན་ཆི་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྩ་བའི་སྟེང་ནས་སི་རི་ཡཱའི་ཡུལ་གྱར་བའི་ཉམས་ཉེན་ཐག་གཅོད་བྱེད་པར་བརྩོན་ལེན་བྱས་ཏེ། ཡུལ་གྱར་བ་མང་བོས་ལེ་པཱ་ནུན་ལ་བཟོས་པའི་དཀའ་སྡུག་ཐག་གཅོད་བྱེད་རོགས་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་བཤད་རྒྱུར། སི་རི་ཡཱའི་ཡུལ་གྱར་བའི་ཉམས་ཉེན་ཐག་གཅོད་བྱེད་པར་དོན་དངོས་བྱ་སྤྱོད་ལ་བརྟེན་དགོས་པ་ལས་ཁ་ནས་བཤད་པ་ཙམ་གྱིས་ཕན་མི་ཐོགས། ལེ་པཱ་ནུན་གྱི་སློབ་གསོའི་ཕྱོགས་ཀྱི་རོགས་སྐྱོར་མ་དངུལ་ཇེ་མང་དུ་གཏོང་དགོས། རྒྱུ་མཚན་ནི་སློབ་གསོས་ན་གཞོན་དག་དྲག་ཤུགས་དང་འཇིགས་སྐུལ་བྱ་འགུལ་ནང་ཞུགས་པའི་སྣང་ཚུལ་ཇེ་ཉུང་དུ་གཏོང་ཐུབ་པས་ཡིན་ཟེར།

ལོན་ཆི་ཡིས་བཤད་རྒྱུར། དབྱི་ཐཱ་ལེ་ཡིས་ལེ་པཱ་ནུན་གྱིས་སི་རི་ཡཱའི་ཡུལ་གྱར་བ་མང་བོ་དང་ལེན་བྱས་པར་གཟེངས་བསྟོད་བྱེད་བཞིན་ཡོད། ཁོའི་རེ་བ་ཡིན་ན་ཡོ་རོབ་གླིང་གིས་སྔར་ལས་ལྷག་པའི་སྒོ་ནས་ས་ཁུལ་དེར་དོ་སྣང་བྱེད་དགོས་ཟེར།

སཱ་ལཱ་མུའུ་ཡིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། སི་རི་ཡཱའི་ཡུལ་གྱར་བ་མང་བོ་ལེ་པཱ་ནུན་དུ་ཡོང་བ་ལས་དཀའ་སྡུག་ཆེན་པོ་བཟོས་པ་དང་། ཁྱད་པར་དུ་དཔལ་འབྱོར་དང་རྨང་གཞིའི་སྒྲིག་ཆས་ཐད་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད། ལེ་པཱ་ནུན་གྱིས་དབྱི་ཐཱ་ལེ་དང་ཡོ་རོབ་གླིང་གིས་ལེ་པཱ་ནུན་གྱི་ད་ལྟའི་གནས་ཚུལ་ལ་རྒྱུས་ལོན་བྱེད་དགོས་པ་དང་། ཁྱད་པར་དུ་སྤྱི་ཚོགས་དང་སློབ་གསོ་སོགས་ཁྱབ་ཁོངས་ནས་ལེ་པཱ་ནུན་ལ་རྒྱབ་སྐྱོར་བྱེད་དགོས་ལ། ཞོར་དུ་བདེ་འཇགས་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ། དམག་དོན་བཅས་ཀྱི་ཐད་ནས་རོགས་རམ་བྱེད་པར་རེ་བས་ཁེངས་ཡོད་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གྲོས་བསྡུར་བྱས།

ཕཱ་ཁི་སི་ཐན་གྱི་ཚོང་ར་ཞིག་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།

འཇར་པན་དང་ཨུ་རུ་སི་ཡིས་སང་ལོའི་ལོ་མགོར་པུའུ་ཀྲང་གཞོན་པ་རིམ་པའི་གྲོས་མོལ་སྤེལ་ཏེ་ཨན་པའེ་ཅིན་སན་གྱིས་ཨུ་རུ་སི་ལ་འཚམས་འདྲི་བྱེད་པར་རྨང་འདིང་རྒྱུ་རེད།

རྒྱ་གར་དང་ཕཱ་ཁི་སི་ཐན་གྱིས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་སྟེ་ཕྱོགས་གཉིས་ཀྱི་གྲོས་མོལ་སླར་གསོ་བྱས།