ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གིས་ཚེས་ཉེར་གཉིས་ཉིན་མེན་སི་ཁི་ནས་ད་ལོའི་ཆེས་མཇུག་མཐའི་གྲོས་མོལ་སྤེལ་ཏེ། ཕྱོགས་སོ་སོས་ཚེས་ཉེར་གསུམ་ཉིན་གྱི་ཞོགས་པ་ནས་བཟུང་ཕྱོགས་ཡོངས་ནས་འཁྲུག་རྩོད་མཚམས་འཇོག་པར་གྲོས་འཆམ་བྱུང་།

ཡོ་རོབ་གླིང་བདེ་འཇགས་མཉམ་ལས་རྩ་འཛུགས་ཀྱི་དམིགས་བསལ་འཐུས་མི་སཱ་དབྱེ་ཏིས་ཁི་ཡིས་གྲོས་མོལ་མཇུག་སྒྲིལ་རྗེས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གིས་ཚེས་ཉེར་གསུམ་ཉིན་གྱི་ཞོགས་པ་ནས་བཟུང་ཕྱོགས་ཡོངས་ནས་འཁྲུག་རྩོད་མཚམས་བཞག་སྟེ། མང་ཚོགས་རྣམས་ལ་སེམས་བདེ་མོས་ལོ་གསར་རོལ་དུ་འཇུག་དགོས་པའི་འབོད་སྐུལ་བཏང་བ་དང་། ཕྱོགས་སོ་སོ་དོན་དེར་གྲོས་འཆམ་བྱུང་ཡོད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གི་གྲོས་མོལ་དེ་སྔར་བཞིན་ཚན་ཆུང་སོ་སོའི་མཐུན་སྦྱོར་པའི་གྲོས་ཚོགས་ནས་མགོ་བརྩམས་པ་རེད། དཔལ་འབྱོར་དང་མི་ཆོས་རིང་ལུགས། བདེ་འཇགས་བཅས་ཚན་ཆུང་གསུམ་གྱིས་སོ་སོར་ཆུ་འདོན་ཞབས་ཞུ་དང་། བཟུང་དམག་ཕྱིར་གཏོང་བ། ས་འོག་འགད་རྫས་གཙང་སེལ་བྱེད་པ་སོགས་གནད་དོན་ཐད་ནས་མུ་མཐུད་དུ་གྲོས་བསྡུར་བྱས། ཆབ་སྲིད་ཚན་ཆུང་གིས་ཉིན་དེར་གྲོས་ཚོགས་མ་བསྡུས།

རྒྱུས་ལོན་བྱུང་བ་ལྟར་ན། ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གི་སྐོར་ཐེངས་རྗེས་མའི་གྲོས་མོལ་དེ་སང་ལོའི་ཟླ་དང་པོའི་ཚེས་བཅུ་གསུམ་ཉིན་སྤེལ་རྒྱུ་ཡིན་པ་དང་། ཟླ་དང་པོར་བསྡོམས་པས་གྲོས་མོལ་སྐོར་ཐེངས་གསུམ་སྤེལ་རྒྱུ་ཡིན་པ་དང་། སྐོར་ཐེངས་གཞན་པ་གཉིས་ནི་སོ་སོར་ཚེས་ཉི་ཤུ་དང་ཚེས་ཉེར་བདུན་ཉིན་སྤེལ་རྒྱུ་ཐག་གིས་བཅད་ཡོད་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཐུར་ཁེའི་ཙུང་ལིས་ཐུར་ཁེའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་དབྱི་རག་བྱང་ཕྱོགས་ས་ཁུལ་ནས་དབྱི་རག་གི་དམག་དཔུང་ལ་སྦྱོང་བརྡར་བྱེད་རྒྱུ་ཡིན་པར་བཤད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གྲོས་བསྡུར་བྱས།

ཕཱ་ཁི་སི་ཐན་གྱི་ཚོང་ར་ཞིག་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།

འཇར་པན་དང་ཨུ་རུ་སི་ཡིས་སང་ལོའི་ལོ་མགོར་པུའུ་ཀྲང་གཞོན་པ་རིམ་པའི་གྲོས་མོལ་སྤེལ་ཏེ་ཨན་པའེ་ཅིན་སན་གྱིས་ཨུ་རུ་སི་ལ་འཚམས་འདྲི་བྱེད་པར་རྨང་འདིང་རྒྱུ་རེད།

རྒྱ་གར་དང་ཕཱ་ཁི་སི་ཐན་གྱིས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་སྟེ་ཕྱོགས་གཉིས་ཀྱི་གྲོས་མོལ་སླར་གསོ་བྱས།