ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ལི་མེ་ཏི་བེ་ཅེ་ཧྥུའུ་ཡིས་ཚེས་ཉེར་གཅིག་ཉིན་སྲིད་གཞུང་བཀའ་རྒྱ་བཀོད་དེ། ཉིས་སྟོང་བཅུ་དྲུག་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་ཝུའུ་ཁི་ལན་ལ་དཔལ་འབྱོར་བཀག་སྡོམ་ལ་རྒོལ་བའི་བྱེད་ཐབས་སྤྱོད་རྒྱུ་ཡིན་པ་དང་། ཝུའུ་ཁི་ལན་ནས་ནང་འདྲེན་བྱས་པའི་ཚོང་རྫས་ལ་གཅིག་གྱུར་གྱི་སྒོ་ཁྲལ་བསྡུ་རྒྱུ་ཡིན་ལ། སྔོན་ཆད་ཀྱི་གཟིགས་སྐྱོང་སྲིད་ཇུས་ཚང་མ་མེད་པར་བཟོ་རྒྱུ་ཡིན་ཟེར།

མེ་ཏི་བེ་ཅེ་ཧྥུའུ་ཡིས་བསྟན་དོན། ཝུའུ་ཁི་ལན་དོན་དངོས་སུ་ཡོ་རོབ་གླིང་མནའ་འབྲེལ་དང་ཨ་མེ་རི་ཁས་ཨུ་རུ་སི་ལ་དམིགས་པའི་བཀག་སྡོམ་འགུལ་སྐྱོད་ནང་ཞུགས་པར་དམིགས་ཏེ། ནེ་ཀིའི་གྲོས་ཚོགས་ནས་ཝུའུ་ཁི་ལན་ལ་དཔལ་འབྱོར་བཀག་སྡོམ་ལ་རྒོལ་བའི་བྱེད་ཐབས་སྤྱོད་རྒྱུ་ཐག་བཅད།

ཁོས་བསྟན་དོན། ཝུའུ་ཁི་ལན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ལོ་མགོར་མུ་མཐུད་དུ་ཡོ་རོབ་གླིང་མནའ་འབྲེལ་གྱི་འབྲེལ་གཏུག་རྒྱལ་ཁབ་ཀྱི་གྲོས་ཆོད་ནད་གཏན་འཁེལ་བྱས་པའི་དཔལ་འབྱོར་ཁག་གི་ནང་དོན་ལག་བསྟར་བྱེད་རྒྱུ་ཡིན་ཟེར། གནས་ཚུལ་དེ་འདྲའི་འོག ཨུ་རུ་སིའི་ཕྱོགས་ཀྱིས་ངེས་པར་དུ་རང་ཉིད་ཀྱི་ཚོང་ར་དང་ཁེ་ལས་ལ་སྲུང་སྐྱོབ་བྱས་ཏེ། རྒྱལ་ཁབ་གཞན་པའི་ཐོན་རྫས་ཝུའུ་ཁི་ལན་གྱི་ཚོང་རྫས་སུ་བརྫུས་ནས་ཨུ་རུ་སིའི་ཚོང་རར་ཡོང་བར་བཀག་འགོག་བྱེད་དགོས་ཟེར།

དེ་ལས་གཞན་མེ་ཏི་བེ་ཅེ་ཧྥུའུ་ཡིས་ད་རུང་བསྟན་དོན། ཁོས་སྲིད་གཞུང་གིས་ཁྲིམས་རྩོད་པ་གདན་ཞུ་བྱས་ཏེ། ཝུའུ་ཁི་ལན་གྱིས་ཨུ་རུ་སི་ལ་འགོར་འགྱངས་ཆད་ལ་བཞག་པའི་མེ་སྒོར་ཐེར་འབུམ་གསུམ་གྱི་དངུལ་བུན་གནད་དོན་ཐད་ནས་ཞུ་གཏུག་བྱེད་པར་གྲ་སྒྲིག་བྱེད་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གྲོས་བསྡུར་བྱས།

ཕཱ་ཁི་སི་ཐན་གྱི་ཚོང་ར་ཞིག་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།

འཇར་པན་དང་ཨུ་རུ་སི་ཡིས་སང་ལོའི་ལོ་མགོར་པུའུ་ཀྲང་གཞོན་པ་རིམ་པའི་གྲོས་མོལ་སྤེལ་ཏེ་ཨན་པའེ་ཅིན་སན་གྱིས་ཨུ་རུ་སི་ལ་འཚམས་འདྲི་བྱེད་པར་རྨང་འདིང་རྒྱུ་རེད།

རྒྱ་གར་དང་ཕཱ་ཁི་སི་ཐན་གྱིས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་སྟེ་ཕྱོགས་གཉིས་ཀྱི་གྲོས་མོལ་སླར་གསོ་བྱས།

དབྱི་རག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་ཞུ་བྱེད་རྒྱུའི་འཇིགས་སྐུལ་ཏེ་ཐུར་ཁེས་མུ་མཐུད་དུ་དབྱི་རག་ལ་དམག་ཁ་སྣོན་བྱེད་མཚམས་འཇོག་རྒྱུའི་རེ་བ་བཏོན།