ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཚེས་ཉེར་གཅིག་ཉིན་ཨུ་རུ་སིའི་དཔལ་འབྱོར་བཀག་སྡོམ་བྱེད་ཐབས་དེ་ཡང་བསྐྱར་ལོ་ཕྱེད་ཀྱིས་ཇེ་རིང་དུ་བཏང་སྟེ་སང་ལོའི་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་བར་རྒྱུན་བསྲིང་རྒྱུ་ཁྱབ་སྒྲོག་བྱས།

ཡོ་རོབ་གླིང་མནའ་འབྲེལ་གྱིས་གསལ་སྒྲོག་ཅིག་གི་ནང་བསྟན་དོན། མེན་སི་ཁིའི་གྲོས་མཐུན་དེ་ད་ལོའི་ལོ་མཇུག་གི་གཏན་འཁེལ་བྱས་པའི་དུས་བཅད་ནང་ཕྱོགས་ཡོངས་ནས་དངོས་འབེབ་བྱེད་ཐབས་མེད་པར་དམིགས་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨུ་རུ་སིའི་བཀག་སྡོམ་ཡུན་ཚད་ཇེ་རིང་དུ་གཏོང་རྒྱུ་ཐག་བཅད་པ་དང་། མུ་མཐུད་དུ་གྲོས་མཐུན་ལག་བསྟར་བྱས་པའི་གནས་ཚུལ་ལ་དཔྱད་འཇོག་བྱེད་རྒྱུ་ཡིན་ཟེར།

གསལ་སྒྲོག་ལས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ན་ནིང་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་ཝུའུ་ཁི་ལན་གནད་དོན་དབང་གིས་ཨུ་རུ་སི་ལ་དཔལ་འབྱོར་བཀག་སྡོམ་བྱེད་ཐབས་སྤྱད། ཡུན་ཚད་ལོ་གཅིག་ཡིན་པ་དང་། ན་ནིང་ཟླ་དགུ་བར་ཡོ་རོབ་གླིང་མནའ་འབྲེལ་གྱིས་བཀག་སྡོམ་ཤུགས་ཚད་ཇེ་ཆེར་བཏང་སྟེ། བཀག་སྡོམ་ཁྱབ་ཁོངས་དེ་དངུལ་ལོར་དང་ནུས་ཁུངས། འགོག་སྲུང་། དམག་དམངས་གཉིས་སྤྱོད་ཐོན་རྫས་སོགས་ཀྱི་ཐད་དུ་རྒྱ་བསྐྱེད་པ་རེད།

ད་ལོའི་ཟླ་གསུམ་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་དཔྱིད་ཀའི་མཐོ་རིམ་གྲོས་ཚོགས་སྟེང་། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཨུ་རུ་སིའི་བཀག་སྡོམ་ཡུན་ཚད་ཇེ་རིང་དུ་གཏོང་མིན་དེ་མེན་སི་ཁིའི་གྲོས་མཐུན་གསར་བ་དངོས་འབེབ་བྱས་པའི་གནས་ཚུལ་ལ་འབྲེལ་བ་ཡོད་པར་ཐག་བཅད། དེའི་རྗེས་སུ་ཟླ་དྲུག་པར་ཨུ་རུ་སིའི་དཔལ་འབྱོར་བཀག་སྡོམ་ཡུན་ཚད་ཇེ་རིང་དུ་བཏང་སྟེ་སང་ལོའི་ཟླ་དང་པོའི་ཚེས་སོ་གཅིག་ཉིན་བར་ཇེ་རིང་དུ་གཏོང་རྒྱུ་ཐག་བཅད་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གྲོས་བསྡུར་བྱས།

ཕཱ་ཁི་སི་ཐན་གྱི་ཚོང་ར་ཞིག་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།

འཇར་པན་དང་ཨུ་རུ་སི་ཡིས་སང་ལོའི་ལོ་མགོར་པུའུ་ཀྲང་གཞོན་པ་རིམ་པའི་གྲོས་མོལ་སྤེལ་ཏེ་ཨན་པའེ་ཅིན་སན་གྱིས་ཨུ་རུ་སི་ལ་འཚམས་འདྲི་བྱེད་པར་རྨང་འདིང་རྒྱུ་རེད།

རྒྱ་གར་དང་ཕཱ་ཁི་སི་ཐན་གྱིས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་སྟེ་ཕྱོགས་གཉིས་ཀྱི་གྲོས་མོལ་སླར་གསོ་བྱས།

དབྱི་རག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་ཞུ་བྱེད་རྒྱུའི་འཇིགས་སྐུལ་ཏེ་ཐུར་ཁེས་མུ་མཐུད་དུ་དབྱི་རག་ལ་དམག་ཁ་སྣོན་བྱེད་མཚམས་འཇོག་རྒྱུའི་རེ་བ་བཏོན།