ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་ཧྲའོ་དབྱེ་ཀུའུ་དང་འཚམས་འདྲིར་ཡོང་བའི་ཧྥ་རན་སིའི་རྒྱལ་སྲུང་བློན་ཆེན་ལེ་ཏི་ལི་ཨང་གིས་ཚེས་ཉེར་གཅིག་ཉིན་མའོ་སི་ཁི་ནས་རྒྱལ་ཁབ་གཉིས་ཀྱི་སི་རི་ཡཱའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་ལ་མཐུན་སྦྱོར་བྱེད་པའི་གནད་དོན་ལ་གྲོས་བསྡུར་བྱས།

ཧྲའོ་དབྱེ་ཀུའུ་ཡིས་གྲོས་མོལ་བྱེད་སྐབས་བཤད་རྒྱུར། ཕཱ་རེ་སི་ནས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་རྗེས། ཨུ་རུ་སི་ཡིས་སི་རི་ཡཱའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཤུགས་ཚད་ཇེ་ཆེར་བཏང་། ཨུ་རུ་སི་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་མཛུབ་སྟོན་ལྟར་དུ། ཕྱོགས་གཉིས་ཀྱིས་སི་རི་ཡཱའི་འགུལ་སྐྱོད་མཐུན་སྦྱོར་བྱེད་པའི་གནད་དོན་རེ་འགའ་ཐག་གཅོད་གསལ་བོ་བྱེད་དགོས་ཟེར། ཁོས་བསྟན་དོན། ཨུ་རུ་སི་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱིས་སི་རི་ཡཱའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་ཁྲོད་མཉམ་ལས་བཟང་བོ་བྱེད་བཞིན་ཡོད་ཟེར།

ལེ་ཏི་ལི་ཨང་གིས་གྲོས་མོལ་བྱེད་སྐབས་བཤད་རྒྱུར། ཐུན་མོང་གི་འཇིགས་ཉེན་འགོག་ཆེད། ཧྥ་རན་སི་དང་ཨུ་རུ་སིས་མཐུན་སྒྲིལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་རྒྱལ་སྲུང་པུའུ་ཡིས་མཐུན་སྦྱོར་ལ་ཤུགས་སྣོན་བྱེད་དགོས་ཟེར།

ཨུ་རུ་སིའི་རྒྱལ་སྲུང་པུའུ་གསར་འགྱུར་ཅུའུ་ཡིས་ཉིན་དེར་སྤེལ་བའི་སྤྱི་སྒྲོག་ལྟར་ན། ཨུ་རུ་སི་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱི་རྒྱལ་སྲུང་བློན་ཆེན་གྱི་གྲོས་མོལ་དེ་ལྷག་བསམ་རྣམ་དག་གི་སྣང་ཚུལ་ཁྲོད་སྤེལ་བ་དང་། ཕྱོགས་གཉིས་ཀྱིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་དེ་ཐུན་མོང་གི་དགྲ་བོ་ཡིན་པའི་ཚུལ་བསྟན། ཨུ་རུ་སིའི་ཕྱོགས་ཀྱིས་ཧྥ་རན་སིའི་ཕྱོགས་ལ་ཨུ་རུ་སིའི་འཐབ་འཛིང་གནམ་གྲུས་སི་རི་ཡཱ་ནས་བླངས་པའི་གྲུབ་འབྲས་མཚམས་སྦྱོར་ཞིབ་མོ་བྱས། ཨུ་རུ་སི་དང་ཧྥ་རན་སིའི་དམག་ཕྱོགས་ཀྱིས་མུ་མཐུད་དུ་འབྲེལ་འདྲིས་ལ་ཤུགས་སྣོན་བྱེད་རྒྱུའི་འཆར་གཞི་ཡོད་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གྲོས་བསྡུར་བྱས།

ཕཱ་ཁི་སི་ཐན་གྱི་ཚོང་ར་ཞིག་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།

འཇར་པན་དང་ཨུ་རུ་སི་ཡིས་སང་ལོའི་ལོ་མགོར་པུའུ་ཀྲང་གཞོན་པ་རིམ་པའི་གྲོས་མོལ་སྤེལ་ཏེ་ཨན་པའེ་ཅིན་སན་གྱིས་ཨུ་རུ་སི་ལ་འཚམས་འདྲི་བྱེད་པར་རྨང་འདིང་རྒྱུ་རེད།

རྒྱ་གར་དང་ཕཱ་ཁི་སི་ཐན་གྱིས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་སྟེ་ཕྱོགས་གཉིས་ཀྱི་གྲོས་མོལ་སླར་གསོ་བྱས།

དབྱི་རག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་ཞུ་བྱེད་རྒྱུའི་འཇིགས་སྐུལ་ཏེ་ཐུར་ཁེས་མུ་མཐུད་དུ་དབྱི་རག་ལ་དམག་ཁ་སྣོན་བྱེད་མཚམས་འཇོག་རྒྱུའི་རེ་བ་བཏོན།