ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡོ་རོབ་གླིང་མནའ་འབྲེལ་དང་ཨེ་ཤ་ཡཱ་དབུས་མའི་རྒྱལ་ཁབ་ལྔས་ཚེས་ཉེར་གཅིག་ཉིན་ཧཱ་སག་སི་ཐན་གྱི་རྒྱལ་ས་ཨ་སི་ཐཱ་ནཱ་ནས་ཕྱི་འབྲེལ་བློན་ཆེན་རིམ་པའི་གྲོས་མོལ་སྤེལ་ཏེ། དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཤུགས་སྣོན་པ་དང་ས་ཁུལ་གྱི་བདེ་འཇགས་ལ་འགན་སྲུང་བྱེད་པ་སོགས་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས།

ཉིན་དེར་གྲོས་ཚོགས་ལ་ཞུགས་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་མའོ་ཀའེ་ལི་ནེ་དང་། ཧཱ་སག་སི་ཐན་དང་ཝུའུ་ཙི་པེ་ཁི་སི་ཐན། ཅིར་ཅི་སི་སི་ཐན་བཅས་ཀྱི་ཕྱི་འབྲེལ་བློན་ཆེན། ཐཱ་ཅི་ཁི་སི་ཐན་དང་ཐུའུ་ཁུའུ་མན་སི་ཐན་གྱི་ཕྱི་འབྲེལ་བློན་ཆེན་གཞོན་པ་བཅས་ཡོད།

ཡོ་རོབ་གླིང་མནའ་འབྲེལ་དང་ཨེ་ཤ་ཡཱ་དབུས་མའི་རྒྱལ་ཁབ་ལྔས་ཡོ་རོབ་གླིང་མནའ་འབྲེལ་གྱིས་གཏན་འབེབས་བྱས་པའི་ཨེ་ཤ་ཡཱ་དབུས་མའི་འཐབ་ཇུས་གསར་བ་དང་ཡོ་རོབ་གླིང་མནའ་འབྲེལ་དང་ཨེ་ཤ་ཡཱ་དབུས་མའི་རྒྱལ་ཁབ་ལྔའི་མཐའ་མཚམས་དོ་དམ་དང་། སློབ་གསོ། དཔལ་འབྱོར། དངུལ་གཏོང་། ཁོར་ཡུག་སྲུང་སྐྱོབ་སོགས་ཐད་ཀྱི་མཉམ་ལས་ཐད་ནས་གྲོས་བསྡུར་བྱས། དེ་ལས་གཞན་ཨ་ཧྥུའུ་ཧན་གྱི་གནས་བབ་དང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན། ཝུའུ་ཁི་ལན་གྱི་གནས་བབ་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ནས་བསམ་འཆར་བརྗེ་རེས་བྱས།

ཧཱ་སག་སི་ཐན་གྱི་ཕྱི་འབྲེལ་བློན་ཆེན་དབྱི་ཏི་ལི་སོ་ཧྥུའུ་ཡིས་གྲོས་མོལ་བྱས་རྗེས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཨེ་ཤ་ཡཱ་དབུས་མའི་རྒྱལ་ཁབ་ལྔར་མཚོན་ན། ཡོ་རོབ་གླིང་མནའ་འབྲེལ་ནི་ཀྲུང་གོའི་རྗེས་ཀྱི་ཉོ་ཚོང་གྲོགས་པོ་གཉིས་པ་ཡིན་ཟེར། ཁོས་ཚོགས་ཞུགས་མཁན་དག་གིས་ཉོ་ཚོང་ཐད་ཀྱི་བཀག་རྒྱ་མེད་པར་བཟོས་ཏེ་ཨེ་ཤ་ཡཱ་དབུས་མ་ནས་འགྲན་རྩོད་ལྡན་པའི་ས་ཁུལ་གྱི་ཚོང་ར་གསར་སྐྲུན་བྱེད་དགོས་པའི་འབོད་སྐུལ་བཏང་།

དབྱེ་ཏི་ལི་སོ་ཧྥུའུ་ཡིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨེ་ཤ་ཡཱ་དབུས་མར་དམིགས་ཏེ་གཏན་འབེབས་བྱས་པའི་འཐབ་ཇུས་གསར་བ་ནི་ཧ་ཅང་གལ་ཆེ་བའི་ཡིག་ཆ་ཞིག་ཡིན། འཐབ་ཇུས་དེ་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཉིས་སྟོང་བཅུ་བཞིའི་ལོ་ནས་ཉིས་སྟོང་ཉི་ཤུ་ལོའི་བར་ཨེ་ཤ་ཡཱ་དབུས་མའི་རྒྱལ་ཁབ་སོ་སོའི་རོགས་སྐྱོར་མ་དངུལ་ལྡབ་གཅིག་གིས་ཇེ་མང་དུ་བཏང་སྟེ་ཡོ་སྒོར་ཐེར་འབུམ་གཅིག་ལ་བསླེབ་རྒྱུ་རེད་ཟེར། རོགས་སྐྱོར་ལས་གཞི་དེ་ས་ཁུལ་གྱི་བདེ་འཇགས་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ། ཉོ་ཚོང་། ཨེ་ཤ་ཡཱ་དབུས་མའི་རྒྱལ་ཁབ་སོ་སོའི་ཚོང་ལས་གོ་སྐབས་ཇེ་མང་དུ་གཏོང་བ་སོགས་ལ་འབྲེལ་ཡོད་ཟེར།

མའོ་ཀའེ་ལི་ནེ་ཡིས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཨེ་ཤ་ཡཱ་དབུས་མའི་རྒྱལ་ཁབ་སོ་སོས་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཇེ་དྲག་ཏུ་གཏོང་བར་རེ་བས་ཁེངས་ཡོད། རྒྱུ་མཚན་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་སོ་སོས་མིག་སྔར་ཨེ་ཤ་ཡཱའི་གནས་བབ་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པས་ཡིན་ཟེར། ཁོ་མོས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱི་འཐབ་ཇུས་གསར་བ་ལག་བསྟར་བྱས་པ་དང་བསྟུན་ནས་དངུལ་གཏོང་མང་བོ་ཨེ་ཤ་ཡཱ་དབུས་མ་ས་ཁུལ་དུ་གཏོང་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གྲོས་བསྡུར་བྱས།

ཕཱ་ཁི་སི་ཐན་གྱི་ཚོང་ར་ཞིག་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།

འཇར་པན་དང་ཨུ་རུ་སི་ཡིས་སང་ལོའི་ལོ་མགོར་པུའུ་ཀྲང་གཞོན་པ་རིམ་པའི་གྲོས་མོལ་སྤེལ་ཏེ་ཨན་པའེ་ཅིན་སན་གྱིས་ཨུ་རུ་སི་ལ་འཚམས་འདྲི་བྱེད་པར་རྨང་འདིང་རྒྱུ་རེད།

རྒྱ་གར་དང་ཕཱ་ཁི་སི་ཐན་གྱིས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་སྟེ་ཕྱོགས་གཉིས་ཀྱི་གྲོས་མོལ་སླར་གསོ་བྱས།

དབྱི་རག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་ཞུ་བྱེད་རྒྱུའི་འཇིགས་སྐུལ་ཏེ་ཐུར་ཁེས་མུ་མཐུད་དུ་དབྱི་རག་ལ་དམག་ཁ་སྣོན་བྱེད་མཚམས་འཇོག་རྒྱུའི་རེ་བ་བཏོན།