ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མི་ཉེར་ལྔ་དྲུད་པའི་གནས་སྐོར་འགྲུལ་སྐྱེལ་རླངས་འཁོར་ཞིག་ཚེས་ཉི་ཤུའི་ཉིན་ཐེ་གོའི་ཆིན་ལེ་ནས་ཆིན་མེད་ལ་བགྲོད་པའི་ལམ་བར་དུ་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ། མཱ་ལེ་ཞི་ཡཱའི་ཀྲུང་གོ་བ་བཅུ་གསུམ་རྐྱེན་ལམ་དུ་ཤོར། ཆིན་མེད་དུ་སྡོད་པའི་ཀྲུང་གོའི་སྤྱིའི་དོན་སྤྱོད་ཁང་གིས་བདེན་དཔུང་བྱས་པ་ལྟར་ན། ཤི་རྨས་ཐེབས་པའི་མིའི་ཁྲོད་ཀྲུང་གོའི་གནས་སྐོར་བ་མེད་ཟེར།

ཐེ་གོའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཟླ་བཅུ་གཉིས་པའི་ཚེས་ཉི་ཤུའི་ཉིན་གྱི་ཉིན་གུང་དུས་ཚོད་བཅུ་བདུན་དང་སྐར་མ་ཉི་ཤུའི་སྟེང་། འགྲུལ་བ་ཉེར་ལྔ་དྲུད་པའི་གནས་སྐོར་འགྲུལ་སྐྱེལ་རླངས་འཁོར་ཞིག་གི་དགག་ཟྭར་ཆག་སྐྱོན་བྱུང་སྟེ། ཆིན་མེད་རི་ཁུལ་གཞུང་ལམ་ནས་རླངས་འཁོར་ཆུང་བ་ཞིག་ལ་ཐོ་བརྒྱབ་རྗེས་གྲོག་རོང་དུ་ལྷུང་སྟེ། ཀྲུང་གོའི་གནས་སྐོར་བ་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་གསུམ་ལ་རྨས་ཕོག་ཟེར། དོན་རྐྱེན་བྱུང་སར་འགྲུལ་སྐྱེལ་རླངས་འཁོར་ཆེ་བ་དེ་གཏིང་ཚད་ལ་རྨིད་གཉིས་ཡོད་པའི་གྲོག་རོང་དུ་ལྷུང་བ་རེད།

དོན་རྐྱེན་བྱུང་རྗེས། ཆིན་མེད་དུ་སྡོད་པའི་ཀྲུང་གོའི་སྤྱིའི་དོན་སྤྱོད་ཁང་ལ་ཉེན་རྟོག་ཕྱོགས་ཀྱི་བརྡ་འབྱོར་རྗེས་མྱུར་མོར་དོན་རྐྱེན་བྱུང་སར་སོང་ནས་གནས་ཚུལ་ལ་རྒྱུས་ལོན་བྱས། ཆིན་མེད་དུ་སྡོད་པའི་ཀྲུང་གོའི་སྤྱིའི་དོན་གཅོད་ཁང་གི་ལས་བྱེད་མི་སྣས་ཡང་དང་བསྐྱར་དུ་ཐེ་གོའི་ཉེན་རྟོག་པར་བདེན་དཔང་བྱས་པ་བརྒྱུད། ཀྲུང་གོའི་གནས་སྐོར་བ་ཐེངས་འདིའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་མེད་པ་རེད། དོན་རྐྱེན་བྱུང་བའི་རླངས་འཁོར་སྟེང་བསྡོམས་པས་མཱ་ལེ་ཞི་ཡཱའི་ཀྲུང་གོ་བ་ཉི་ཤུ་ལྷག་དྲུད་ཡོད་པ་དང་། དེའི་ནང་མི་བཅུ་གསུམ་རྐྱེན་ལམ་དུ་ཤོར་བ་དང་གཞན་ཡང་མི་བཅུ་གཉིས་ལ་རྨས་ཕོག ཤི་རྨས་ཐེབས་པའི་མིའི་གྲས་སུ་ཀྲུང་གོའི་གནས་སྐོར་བ་མེད། མིག་སྔར་རྨས་མ་དག་སྨན་ཁང་དུ་བསྐྱལ་བ་དང་། དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་པའི་སྒང་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གྲོས་བསྡུར་བྱས།

ཕཱ་ཁི་སི་ཐན་གྱི་ཚོང་ར་ཞིག་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།

འཇར་པན་དང་ཨུ་རུ་སི་ཡིས་སང་ལོའི་ལོ་མགོར་པུའུ་ཀྲང་གཞོན་པ་རིམ་པའི་གྲོས་མོལ་སྤེལ་ཏེ་ཨན་པའེ་ཅིན་སན་གྱིས་ཨུ་རུ་སི་ལ་འཚམས་འདྲི་བྱེད་པར་རྨང་འདིང་རྒྱུ་རེད།

རྒྱ་གར་དང་ཕཱ་ཁི་སི་ཐན་གྱིས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་སྟེ་ཕྱོགས་གཉིས་ཀྱི་གྲོས་མོལ་སླར་གསོ་བྱས།

དབྱི་རག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་ཞུ་བྱེད་རྒྱུའི་འཇིགས་སྐུལ་ཏེ་ཐུར་ཁེས་མུ་མཐུད་དུ་དབྱི་རག་ལ་དམག་ཁ་སྣོན་བྱེད་མཚམས་འཇོག་རྒྱུའི་རེ་བ་བཏོན།