ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་མཁའ་འགྲུལ་ཀུང་ཟིའི་མའོ་ལི་ཁྱིག་སི་ནས་ཧྥ་རན་སིར་འཕུར་བའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཚེས་ཉི་ཤུའི་ཉིན་གྱི་ཞོགས་པར་འགད་རྫས་ཡོད་པར་དོགས་ནས་ཁུན་ནེ་ཡཱའི་མིན་པཱ་སཱ་མའོ་དབྱེ་རྒྱལ་སྤྱིའི་གནམ་གྲུའི་ཐང་དུ་བྲེལ་མྱུར་གྱིས་བབས་པ་དང་། ཁུན་ནེ་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་དེའི་རྗེས་སུ་གནམ་གྲུའི་སྟེང་ནས་འགད་རྫས་སུ་དོགས་པའི་དངོས་པོ་གཏོར་ལེན་བྱས། ཧྥ་རན་སིའི་མཁའ་འགྲུལ་ཀུང་ཟིའི་འགན་ཁུར་བས་དེའི་རྗེས་སུ་བསྟན་དོན། ཧྥ་རན་སིའི་མཁའ་འགྲུལ་ཀུང་ཟིའི་འགྲུལ་སྐྱེལ་གནམ་གྲུ་མིན་པཱ་སཱ་རུ་བྲེལ་མྱུར་གྱིས་བབས་པ་ནི་དོན་མེད་འཇིགས་སྐྲག་ཅིག་ཡིན་པ་དང་། དོགས་ཡོད་དངོས་རྫས་བཞག་པ་དེ་ནི་བསམ་བཞིན་དུ་བཟོས་པའི་བྱ་སྤྱོད་ཅིག་ཡིན་པ་མངོན་གསལ་ཡིན་ལ། དཀྲུག་འཕེན་གྱི་བྱ་སྤྱོད་ཚབས་ཆེན་ཞིག་རེད་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གྲོས་བསྡུར་བྱས།

ཕཱ་ཁི་སི་ཐན་གྱི་ཚོང་ར་ཞིག་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།

འཇར་པན་དང་ཨུ་རུ་སི་ཡིས་སང་ལོའི་ལོ་མགོར་པུའུ་ཀྲང་གཞོན་པ་རིམ་པའི་གྲོས་མོལ་སྤེལ་ཏེ་ཨན་པའེ་ཅིན་སན་གྱིས་ཨུ་རུ་སི་ལ་འཚམས་འདྲི་བྱེད་པར་རྨང་འདིང་རྒྱུ་རེད།

རྒྱ་གར་དང་ཕཱ་ཁི་སི་ཐན་གྱིས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་སྟེ་ཕྱོགས་གཉིས་ཀྱི་གྲོས་མོལ་སླར་གསོ་བྱས།

དབྱི་རག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་ཞུ་བྱེད་རྒྱུའི་འཇིགས་སྐུལ་ཏེ་ཐུར་ཁེས་མུ་མཐུད་དུ་དབྱི་རག་ལ་དམག་ཁ་སྣོན་བྱེད་མཚམས་འཇོག་རྒྱུའི་རེ་བ་བཏོན།