ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་མཱ་ལིའི་ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། སོ་མཱ་ལིའི་རྒྱལ་ས་མའོ་ཅཱ་ཏི་ཧྲ་གྲོང་ཁྱེར་ལྟེ་གནས་ཀྱི་འདུ་འཛི་ཆེ་བའི་སྲང་ལམ་ཞིག་ནས་ཚེས་བཅུ་དགུའི་ཉིན་མེ་མདས་རྒྱབ་པ་དང་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་མི་མང་བོར་རྨས་ཕོག་ཟེར།

ས་དེའི་ཉེན་རྟོག་དཔོན་པོ་ཅཱ་ནེ་ཡིས་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་མའོ་ཅཱ་ཏིས་ཧྲ་ཡི་མཱ་ཁཱ་ཨ་ཨར་དང་མུའུ་ཁཱ་ལཱ་མཱ་གཞུང་ལམ་སྟེང་བྱུང་བ་ཡིན་ལ། ཤི་རྨས་བྱུང་མཁན་མང་ཆེ་བ་ནི་མི་སེར་དཀྱུས་མ་ཡིན་ལ། རྨས་མའི་ཁྲོད་ས་ཁུལ་གྱི་ཉེན་རྟོག་ཕྱོགས་ཀྱི་འགན་ཁུར་བ་གཅིག་ཡོད། གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། མེ་མདའ་བཟུང་མཁན་ཞིག་གིས་སྲིད་གཞུང་གི་དཔོན་རིགས་ཀྱི་རླངས་འཁོར་ཞིག་ལ་མེ་མདས་རྒྱབ་པར་མ་ཟད་བདེ་འཇགས་མི་སྣས་དང་འཁྲུག་རྩོད་བྱས། རོགས་སྐྱོར་དམག་དཔུང་འབྱོར་རྗེས་འགད་རྫས་དྲུད་པའི་རླངས་འཁོར་ཞིག་འགས་གཏོར་བཏང་བ་རེད་ཟེར།

དམག་དཔུང་དང་རོགས་སྐྱོར་མི་སྣ་འཇབ་རྒོལ་དོན་རྐྱེན་བྱུང་རྗེས་མྱུར་མོར་ཡུལ་དངོས་སུ་འབྱོར་ནས་མི་གང་རུང་དེའི་ཉེ་སར་བཅར་བར་བཀག་འགོག་བྱས། མིག་སྔའི་བར་རྩ་འཛུགས་གང་རུང་གིས་འཇབ་རྒོལ་དོན་རྐྱེན་དེ་བཟོས་པ་ཁྱབ་སྒྲོག་བྱས་མེད་ཀྱང་། ཉེན་རྟོག་ཕྱོགས་ཀྱིས་བལྟས་ན། འཇབ་རྒོལ་དོན་རྐྱེན་དེ་ནི་སོ་མཱ་ལིའི་ཐལ་སྤྱོད་རྩ་འཛུགས་ན་གཞོན་ཏང་གིས་བསྒྲུབ་པ་ཡིན་པར་འདོད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གྲོས་བསྡུར་བྱས།

ཕཱ་ཁི་སི་ཐན་གྱི་ཚོང་ར་ཞིག་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།

འཇར་པན་དང་ཨུ་རུ་སི་ཡིས་སང་ལོའི་ལོ་མགོར་པུའུ་ཀྲང་གཞོན་པ་རིམ་པའི་གྲོས་མོལ་སྤེལ་ཏེ་ཨན་པའེ་ཅིན་སན་གྱིས་ཨུ་རུ་སི་ལ་འཚམས་འདྲི་བྱེད་པར་རྨང་འདིང་རྒྱུ་རེད།

རྒྱ་གར་དང་ཕཱ་ཁི་སི་ཐན་གྱིས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་སྟེ་ཕྱོགས་གཉིས་ཀྱི་གྲོས་མོལ་སླར་གསོ་བྱས།

དབྱི་རག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་ཞུ་བྱེད་རྒྱུའི་འཇིགས་སྐུལ་ཏེ་ཐུར་ཁེས་མུ་མཐུད་དུ་དབྱི་རག་ལ་དམག་ཁ་སྣོན་བྱེད་མཚམས་འཇོག་རྒྱུའི་རེ་བ་བཏོན།