ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མི་བརྒྱ་ལྷག་དྲུད་ཡོད་པའི་ཧིན་རྡུ་ཉི་ཞི་ཡཱའི་འགྲུལ་སྐྱེལ་གྲུ་གཟིངས་ཤིག་ཚེས་བཅུ་དགུའི་ཉིན་རྒྱལ་ཁབ་དེའི་ཤར་ཕྱོགས་སུའུ་ལཱ་ཝེ་ཞི་གླིང་ཕྲན་ཉེ་འདབས་ཀྱི་མཚོ་ཁོངས་ནས་ཉེན་ཁར་འཕྲད་པ་ངད་། མིག་སྔར་གྲུ་སྟེང་གི་མི་སྣ་ཚང་མའི་ཤི་གསོན་གསལ་བོར་མི་ཤེས།

ཧིན་རྡུ་ཉི་ཞི་ཡཱའི་འགྲིམ་འགྲུལ་པུའུ་ཡི་མགྲིན་ཚབ་པ་པཱ་ལཱ་ཐཱ་ཡིས་གསར་འགོད་པར་བཤད་རྒྱུར། ཉེན་ཁར་འཕྲད་པའི་འགྲུལ་སྐྱེལ་གྲུ་གཟིངས་དེ་སྔ་དྲོའི་དུས་ཚོད་བཅུ་གཅིག་སྟེང་ཤར་ལྷོའི་ཕྱོགས་ཀྱི་སུའུ་ལཱ་ཝེ་ཞི་ཞིང་ཆེན་གྱི་ཁི་ལཱ་ཁཱ་གྲུ་ཁ་ནས་ལམ་དུ་ཆས་པ་དང་། ལྷོ་ཕྱོགས་ཀྱི་སུའུ་ལཱ་ཝེ་ཞི་ཞིང་ཆེན་གྱི་ཞེ་ཝ་གྲུ་ཁར་འགྲོ་བཞིན་ཡོད། ཕྱི་དྲོའི་དུས་ཚོད་གསུམ་དང་སྐར་མ་ཞེ་ལྔའི་སྟེང་། ཁི་ལཱ་ཁཱ་གྲུ་ཁར་གྲུ་གཟིངས་དེའི་གྲུ་བའི་སྐྱབས་ཞུའི་ཁ་པར་འབྱོར་བ་དང་། གྲུ་གཟིངས་དེ་རྒྱ་མཚོའི་ནམ་ཟླ་ངན་པ་དང་འཕྲད་ནས་སྒུལ་འཁོར་ལ་ཆག་སྐྱོན་བྱུང་སྟེ་གྲུའི་ནང་ཆུ་བླུག་ཡོད་ཟེར།

དེའི་རྗེས་སུ་གྲུ་གཟིངས་དང་གྲུ་ཁའི་བར་གྱི་འབྲེལ་གཏུག་མཚམས་ཆད་པ་རེད་ཟེར།

པཱ་ལཱ་ཐཱ་ཡིས་བཤད་རྒྱུར། ཉེན་ཁར་འཕྲད་པའི་འགྲུལ་སྐྱེལ་གྲུ་གཟིངས་དེའི་སྟེང་མི་བརྒྱ་དང་བཅོ་བརྒྱད་དྲུད་ཡོད་པ་དང་། འགྲུལ་བ་བརྒྱ་དང་བརྒྱད་ཡོད་ལ། གྲུ་བ་བཅུ་ཡོད་ཟེར།

 དོན་རྐྱེན་བྱུང་རྗེ་ས་དེའི་སྔོག་བཤེར་ལས་ཁུངས་དང་མཚོ་དམག་གིས་མི་མངག་ནས་དོན་རྐྱེན་བྱུང་སའི་མཚོ་ཁོངས་སུ་སོང་བ་དང་། མིག་སྔར་འགྲུལ་སྐྱེལ་གྲུ་གཟིངས་གར་ཡོད་ཀྱི་གནས་གཏན་འཁེལ་བྱས་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གྲོས་བསྡུར་བྱས།

ཕཱ་ཁི་སི་ཐན་གྱི་ཚོང་ར་ཞིག་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།

འཇར་པན་དང་ཨུ་རུ་སི་ཡིས་སང་ལོའི་ལོ་མགོར་པུའུ་ཀྲང་གཞོན་པ་རིམ་པའི་གྲོས་མོལ་སྤེལ་ཏེ་ཨན་པའེ་ཅིན་སན་གྱིས་ཨུ་རུ་སི་ལ་འཚམས་འདྲི་བྱེད་པར་རྨང་འདིང་རྒྱུ་རེད།

རྒྱ་གར་དང་ཕཱ་ཁི་སི་ཐན་གྱིས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་སྟེ་ཕྱོགས་གཉིས་ཀྱི་གྲོས་མོལ་སླར་གསོ་བྱས།

དབྱི་རག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་ཞུ་བྱེད་རྒྱུའི་འཇིགས་སྐུལ་ཏེ་ཐུར་ཁེས་མུ་མཐུད་དུ་དབྱི་རག་ལ་དམག་ཁ་སྣོན་བྱེད་མཚམས་འཇོག་རྒྱུའི་རེ་བ་བཏོན།