ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱེ་ཡིས་ཚེས་བཅུ་དགུའི་ཉིན་པའོ་ལིན་ནས་འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་ཧྲི་ཐེ་ཡུན་མེད་ཨར་དང་མཉམ་དུ་ཀྲུང་གོ་དང་འཇར་མན་གྱི་ཕྱི་འབྲེལ་དང་བདེ་འཇགས་འཐབ་ཇུས་གྲོས་མོལ་སྐོར་ཐེངས་དང་པོ་སྤེལ། ཝང་དབྱེ་ཡིས་བསྟན་དོན། ཀྲུང་གོ་དང་འཇར་མན་གྱིས་སྐོར་ཐེངས་དང་པོའི་ཕྱི་འབྲེལ་དང་བདེ་འཇགས་འཐབ་ཇུས་གྲོས་མོལ་སྤེལ་བ་ནི་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་བཀོད་པའི་ཐུན་མོང་ལྟ་ཚུལ་གལ་ཆེན་དངོས་འབེབ་བྱས་པ་ཡན་ཞིང་། ཀྲུང་གོ་དང་འཇར་མན་གྱི་འབྲེལ་བའི་ཕྱོགས་མང་ལ་ཆུ་ཚད་མཐོ་བ་མཚོན་ཡོད།

ཀྲུང་གོ་དང་འཇར་མན་གྱི་འབྲེལ་བའི་ནང་དོན་དེ་དཔལ་འབྱོར་ཉོ་ཚོང་ཁྱབ་ཁོངས་ལས་བརྒལ་ཡོད་པ་དང་། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་ལས་བརྒལ་ཡོད་ཟེར། ཀྲུང་གོའི་ཕྱོགས་ཀྱིས་འཇར་མན་གྱི་ཡོ་རོབ་གླིང་གི་རྒྱལ་ཁབ་ཆེན་མོའི་གོ་གནས་དང་རྒྱལ་སྤྱིའི་ཤུགས་རྐྱེན་ཆེན་པོར་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། འཇར་མན་ཕྱོགས་དང་མཉམ་དུ་སྔར་ལས་ལྷག་པའི་སྒོ་ནས་འཐབ་ཇུས་ཡིད་ཆེས་ཇེ་དྲག་ཏུ་གཏོང་བ་དང་འཐབ་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ཏེ། འཐབ་ཇུས་མཉམ་ལས་སྤེལ་ནས། ཀྲུང་གོ་གདང་འཇར་མན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཆུ་ཚད་ཇེ་མཐོར་གཏོང་འདོད་ཡོད་ཟེར།

 ཧྲི་ཐེ་ཡུན་མེད་ཨར་གྱིས་བསྟན་དོན། འཇར་མན་དང་ཀྲུང་གོ་གཉིས་ནི་མཉམ་ལས་གྲོགས་པོ་གལ་ཆེན་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱིས་ཁྱབ་ཁོངས་ཆེན་པོ་ནས་ཕན་འབྲས་ལྡན་པའི་མཉམ་ལས་བྱས་ཏེ། དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པར་མ་ཟད། ཆབ་སྲིད་དང་བདེ་འཇགས། རྒྱལ་སྤྱིའི་ལས་དོན་ཁྲོད་དུའང་ཉིན་རེར་བཞིན་འབྲེལ་འདྲིས་དང་མཉམ་ལས་བཟང་བོ་བྱས་ནས་ཕན་ཚུན་བར་གྱི་ཡིད་ཆེས་ཇེ་ཆེར་གཏོང་བཞིན་ཡོད། འཇར་མན་དང་ཀྲུང་གོའི་མཉམ་ལས་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་དང་མཐུན་པར་མ་ཟད། མིག་སྔའི་ས་ཁུལ་གྱི་གནད་དོན་གལ་ཆེན་རེ་འགའ་ཐག་གཅོད་བྱེད་པ་དང་། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས་ལ་ཡར་སྐུལ་གཏོང་བར་དོན་སྙིང་གལ་ཆེན་ལྡན།

འཇར་མན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་པ་དང་། མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་འགྲོ་འོང་ཇེ་ཟབ་ཏུ་བཏང་སྟེ་ཙུང་ཐུང་ཀའོ་ཁི་དང་ཙུང་ལི་མའོ་ཁི་ཨར་གཉིས་ཀྱིས་སང་ལོར་ཀྲུང་གོར་འཚམས་འདྲི་བྱེད་པར་རེ་སྒུག་བྱས་ཡོད། འཇར་མན་ཕྱོགས་ཀྱིས་མུ་མཐུད་དུ་ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་འདོད་ཡོད་ཟེར། ཕྱོགས་གཉིས་ཀྱིས་ད་རུང་སི་རི་ཡཱ་དང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན། ཨ་ཧྥུའུ་ཧན་སོགས་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ནས་བསམ་འཆར་བརྗེ་རེས་ཟབ་མོ་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གྲོས་བསྡུར་བྱས།

ཕཱ་ཁི་སི་ཐན་གྱི་ཚོང་ར་ཞིག་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།

འཇར་པན་དང་ཨུ་རུ་སི་ཡིས་སང་ལོའི་ལོ་མགོར་པུའུ་ཀྲང་གཞོན་པ་རིམ་པའི་གྲོས་མོལ་སྤེལ་ཏེ་ཨན་པའེ་ཅིན་སན་གྱིས་ཨུ་རུ་སི་ལ་འཚམས་འདྲི་བྱེད་པར་རྨང་འདིང་རྒྱུ་རེད།

རྒྱ་གར་དང་ཕཱ་ཁི་སི་ཐན་གྱིས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་སྟེ་ཕྱོགས་གཉིས་ཀྱི་གྲོས་མོལ་སླར་གསོ་བྱས།

དབྱི་རག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་ཞུ་བྱེད་རྒྱུའི་འཇིགས་སྐུལ་ཏེ་ཐུར་ཁེས་མུ་མཐུད་དུ་དབྱི་རག་ལ་དམག་ཁ་སྣོན་བྱེད་མཚམས་འཇོག་རྒྱུའི་རེ་བ་བཏོན།