ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འབར་མའི་ཙུང་ཐུང་བཞུགས་ཤག་གིས་ཚེས་བཅོ་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། སང་ལོའི་ཟླ་དང་པོའི་ཚེས་བཅུ་གཉིས་ཉིན་རྒྱལ་ཡོངས་ཀྱི་ཞི་བདེའི་ཆབ་སྲིད་གྲོས་མོལ་མགོ་བརྩམས་ནས། རྒྱལ་ཡོངས་ཀྱི་འགྲིག་མཐུན་དང་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་རྒྱུ་ཡིན་ཟེར། འབར་མའི་ཙུང་ཐུང་ཝུའུ་ཏིན་ཧྲིན་དང་རྒྱལ་སྲུང་དམག་དཔུང་གི་སྤྱི་ཁྱབ་དམག་སྤྱི་མཱེ་ཨང་ལེ། དེ་མིན་གྲངས་ཉུང་མི་རིགས་ཀྱི་དྲག་ཆས་རྩ་འཛུགས་བརྒྱད་ཀྱི་མགོ་ཁྲིད་པས་ད་ལོའི་ཟླ་བཅུ་བའི་ཚེས་བཅོ་ལྔ་ཉིན་བཀོད་པའི་རྒྱལ་ཡོངས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལྟར་ན། ཕྱོགས་སོ་སོས་ཉིན་དྲུག་ཅུའི་ནང་ཆབ་སྲིད་གྲོས་མོལ་གྱི་སྒྲོམ་གཞིའི་གྲོས་མཐུན་ཞིག་རྩོམ་འབྲི་བྱེད་དགོས་པ་དང་། ཉིན་དགུ་བཅུའི་ནང་ཆབ་སྲིད་གྲོས་མོལ་མགོ་རྩོམ་དགོས་པ་རེད།

འབར་མས་དོན་དེའི་ཆེད་དུ་སྲིད་གཞུང་དང་གྲངས་ཉུང་མི་རིགས་ཀྱི་དྲག་ཆས་པ། ཆབ་སྲིད་ཏང་ཁག་སོ་སོ་བཅས་ཕྱོགས་གསུམ་གྱི་འཐུས་མིས་གྲུབ་པའི་རྒྱལ་ཕྲན་མཉམ་འབྲེལ་ཞི་བདེ་གྲོས་མོལ་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་བཙུགས་ཏེ། ཆབ་སྲིད་གྲོས་མོལ་གྲོས་མཐུན་དེ་རྩོམ་འབྲི་བྱེད་པའི་འགན་ཁུར་དུ་བཅུག

ཟླ་འདིའི་ཚེས་བཅོ་ལྔ་ཉིན་སྒྲོམ་གཞིའི་གྲོས་མཐུན་ཡོངས་འགྲུབ་བྱས་ཏེ་གྲོས་འཆམ་བྱུང་། ཟླ་འདིའི་ཚེས་བཅུ་དྲུག་ཉིན་ཝུའུ་ཏིན་ཧྲིན་གྱིས་ཆེས་མཇུག་མཐའི་ཆབ་སྲིད་གྲོས་མོལ་གྱི་སྒྲོམ་གཞིའི་གྲོས་མཐུན་དང་ལེན་བྱས་པ་དང་། ཟླ་རྗེས་མའི་ཟླ་མགོར་གྲོས་མོལ་མགོ་རྩོམ་ཐུབ་པར་ཡར་སྐུལ་བྱེད་རྒྱུ་ཁྱབ་སྒྲོག་བྱས།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གྲོས་བསྡུར་བྱས།

ཕཱ་ཁི་སི་ཐན་གྱི་ཚོང་ར་ཞིག་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།

འཇར་པན་དང་ཨུ་རུ་སི་ཡིས་སང་ལོའི་ལོ་མགོར་པུའུ་ཀྲང་གཞོན་པ་རིམ་པའི་གྲོས་མོལ་སྤེལ་ཏེ་ཨན་པའེ་ཅིན་སན་གྱིས་ཨུ་རུ་སི་ལ་འཚམས་འདྲི་བྱེད་པར་རྨང་འདིང་རྒྱུ་རེད།

རྒྱ་གར་དང་ཕཱ་ཁི་སི་ཐན་གྱིས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་སྟེ་ཕྱོགས་གཉིས་ཀྱི་གྲོས་མོལ་སླར་གསོ་བྱས།

དབྱི་རག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་ཞུ་བྱེད་རྒྱུའི་འཇིགས་སྐུལ་ཏེ་ཐུར་ཁེས་མུ་མཐུད་དུ་དབྱི་རག་ལ་དམག་ཁ་སྣོན་བྱེད་མཚམས་འཇོག་རྒྱུའི་རེ་བ་བཏོན།