ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་རྒྱལ་སྤྱིའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཁི་སཱ་ཆེ་ཧྥུའུ་ཡིས་ཚེས་བཅོ་བརྒྱད་ཉིན་གསར་འགྱུར་ལས་རིགས་ལ་ཁྱབ་སྒྲོག་བྱས་དོན། ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཐུར་ཁེའི་གྲོས་ཁང་བར་གྱི་འབྲེལ་འདྲིས་མཚམས་བཞག་ཡོད་ཟེར།

ཁི་སཱ་ཆེ་ཧྥུའུ་ཡིས་བཤད་རྒྱུར། ང་ཚོས་ཐུར་ཁེའི་གྲོས་ཁང་བར་སྔོན་ཆད་ཀྱི་འབྲེལ་འདྲིས་ཟབ་མོ་དེ་མཚམས་བཞག་པ་དང་། དེ་ནི་ཨུ་རུ་སིའི་གྲོས་ཁང་ཕྱོགས་གཅིག་པུས་ཐག་གཅོད་བྱས་པ་ཡིན།

ཁོས་ནན་གྱིས་བསྟན་དོན། ཐུར་ཁེའི་གྲོས་མིས་སྒེར་གཅོད་ཀྱིས་ཐུར་ཁེའི་ཙུང་ཐུང་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པས། ཁོ་ཚོ་དང་འབྲེལ་འདྲིས་བྱེད་པར་དོན་སྙིང་ཅི་ཡང་མེད་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་གྲོས་ཁང་ཞོལ་མས་དེའི་སྔོན་ཐུར་ཁེའི་གྲོས་ཁང་གི་མགོ་ཁྲིད་རིམ་པའི་བར་གྱི་འབྲེལ་འདྲིས་མཚམས་བཞག་པ་རེད། དེ་ལས་གཞན་ཨུ་རུ་སིའི་སྲིད་གཞུང་གིས་གཟའ་འཁོར་རྗེས་མར་ཐུར་ཁེའི་བཀག་སྡོམ་བྱེད་ཐབས་རྒྱ་བསྐྱེད་པའི་ཆོད་དོན་འདོན་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་རྒྱུ་ཐག་བཅད།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་དབྱི་རག་ལ་གློ་བུར་དུ་འཚམས་འདྲི་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཇི་ལྟར་ཆམ་ཕབ་གཏོང་བར་གྲོས་བསྡུར་བྱས།

ཡེ་མིན་གྱིས་འཁྲུག་རྩོད་མཚམས་བཞག་སྟེ་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ།

ཧན་གོ་དང་འཇར་པན་གྱིས་འདོད་སེལ་བུད་མེད་གནད་དོན་ཐད་ནས་གྲོས་བསྡུར་བྱས།

ཕཱ་ཁི་སི་ཐན་གྱི་ཚོང་ར་ཞིག་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།

འཇར་པན་དང་ཨུ་རུ་སི་ཡིས་སང་ལོའི་ལོ་མགོར་པུའུ་ཀྲང་གཞོན་པ་རིམ་པའི་གྲོས་མོལ་སྤེལ་ཏེ་ཨན་པའེ་ཅིན་སན་གྱིས་ཨུ་རུ་སི་ལ་འཚམས་འདྲི་བྱེད་པར་རྨང་འདིང་རྒྱུ་རེད།

རྒྱ་གར་དང་ཕཱ་ཁི་སི་ཐན་གྱིས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་སྟེ་ཕྱོགས་གཉིས་ཀྱི་གྲོས་མོལ་སླར་གསོ་བྱས།

དབྱི་རག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་ཞུ་བྱེད་རྒྱུའི་འཇིགས་སྐུལ་ཏེ་ཐུར་ཁེས་མུ་མཐུད་དུ་དབྱི་རག་ལ་དམག་ཁ་སྣོན་བྱེད་མཚམས་འཇོག་རྒྱུའི་རེ་བ་བཏོན།