འདོད་སེལ་བུད་མེད་ཀྱི་འཇིམ་སྐུ།

ཞིན་ཧྭ་གསར་འགྱུར་ཁང་གོ་གློག་འཕྲིན་ལྟར། ཧན་གོ་དང་འཇར་པན་རྒྱལ་ཁབ་གཉིས་ཀྱིས་ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོའི་དུས་ཚོད་དགུའི་སྟེང་འཇར་པན་ཏུང་ཅིན་ནས་འདོད་སེལ་བུད་མེད་གནད་དོན་གྱི་ཅུའུ་ཀྲང་རིམ་པའི་གྲོས་མོལ་ཐེངས་བཅུ་གཅིག་པ་བསྡུས། དེ་ནི་ཧན་གོ་དང་འཇར་པན་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཟླ་སྔོན་མར་འདོད་སེལ་བུད་མེད་ཀྱི་གནད་དོན་ཐད་ནས་གྲོས་མོལ་ཞིབ་ཏུ་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་རྒྱུ་ཐག་བཅད་རྗེས་བསྡུས་པའི་གྲོས་མོལ་ཐེངས་གཉིས་པ་རེད།

ཧན་གོའི་གསར་འགྱུར་ལས་རིགས་ཀྱིས་དབྱེ་ཞིབ་བྱས་པ་ལྟར་ན། དུས་ཚོད་ཀྱི་གནད་དོན་ལ་བསམ་བློ་བཏང་སྟེ་ཐེངས་འདིའི་ཧན་གོ་དང་འཇར་པན་གྱི་འདོད་སེལ་བུད་མེད་ཀྱི་གནད་དོན་ལ་འབྲེལ་བའི་ཅུའུ་ཀྲང་རིམ་པའི་གྲོས་མོལ་ད་ལོར་ཆེས་རྗེས་མར་སྤེལ་བའི་གྲོས་མོལ་ཡིན་ཡང་། ཧན་གོ་དང་འཇར་པན་ཕྱོགས་གཉིས་བར་འདོད་སེལ་བུད་མེད་ཀྱི་གནད་དོན་ཐད་དུ་སྔར་བཞིན་འགལ་བ་ཆེན་པོ་ཡོད་ཟེར།

ཐོག་མར་ཧན་གོའི་ཕྱོགས་ཀྱིས་འཇར་པན་གྱིས་བཅའ་ཁྲིམས་འགན་འཁྲི་ཁས་ལེན་བྱས་ཤིང་། དགོངས་དག་ཞུས་ཏེ་སྐྱིན་ཚབ་སྤྲོད་དགོས་པའི་རེ་བ་བཏོན་ཡང་། འཇར་པན་ཕྱོགས་ཀྱིས་མི་ཆོས་རིང་ལུགས་ཀྱི་རིམ་པ་ནས་འདོད་སེལ་བུད་མེད་ཀྱི་གནད་དོན་ཐག་གཅོད་བྱེད་འདོད་ཡོད། དེ་ལས་གཞན་འཇར་པན་ཕྱོགས་ཀྱིས་ད་རུང་ཧན་གོས་ཧན་གོར་སྡོད་པའི་འཇར་པན་གཞུང་ཚབ་ཁང་མདུན་གྱི་འདོད་སེལ་བུད་མེད་ཀྱི་འཇིམ་སྐུ་བཤིག་དགོས་པའི་རེ་བ་བཏོན། དོན་དེའི་ཐད་ནས་ཧན་གོའི་སྲིད་གཞུང་གིས་འདོད་སེལ་བུད་མེད་ཀྱི་འཇིམ་སྐུ་ནི་དམངས་ཁྲོད་ཀྱིས་བཞེངས་པ་ཡིན་ལ་སྲིད་གཞུང་ལ་ཐེ་གཏོགས་བྱེད་དབང་མེད་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

ཕཱ་ཁི་སི་ཐན་གྱི་ཚོང་ར་ཞིག་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།

འཇར་པན་དང་ཨུ་རུ་སི་ཡིས་སང་ལོའི་ལོ་མགོར་པུའུ་ཀྲང་གཞོན་པ་རིམ་པའི་གྲོས་མོལ་སྤེལ་ཏེ་ཨན་པའེ་ཅིན་སན་གྱིས་ཨུ་རུ་སི་ལ་འཚམས་འདྲི་བྱེད་པར་རྨང་འདིང་རྒྱུ་རེད།

རྒྱ་གར་དང་ཕཱ་ཁི་སི་ཐན་གྱིས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་སྟེ་ཕྱོགས་གཉིས་ཀྱི་གྲོས་མོལ་སླར་གསོ་བྱས།

དབྱི་རག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་ཞུ་བྱེད་རྒྱུའི་འཇིགས་སྐུལ་ཏེ་ཐུར་ཁེས་མུ་མཐུད་དུ་དབྱི་རག་ལ་དམག་ཁ་སྣོན་བྱེད་མཚམས་འཇོག་རྒྱུའི་རེ་བ་བཏོན།

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།